ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་དང་དབྱིན་ཇི། ཡུ་རོབ་མཉམ་འབྲེལ།


རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་དབྱིན་ཡུལ་ལ་ཉི་མ་བཞིའི་རྒྱལ་དོན་འཚམས་འདྲིར་ཕེབས་ཏེ། དེ་རིང་ཕྱི་ཟླ་༡༠་ཚེས་༢༣་ཉིན་ཞིས་ཅིན་ཕིང་གི་དབྱིན་ཡུལ་གྱི་འཚམས་འདྲི་མཇུག་བསྒྲིལ་ཡོད་ཅིང་། ཁ་སང་ཕྱི་ཚེས་༢༢་ཉིན་དབྱིན་ཇིའི་སྲིད་བློན་ཌེ་ཝི་ཌི་ཁེམ་རུན་གྱིས་ཞིས་ཅིན་ཕིང་ལ་སྣེ་ལེན་བྱས་ཏེ། ཞིས་ཅིན་ཕིང་གིས་ཡུ་རོབ་མཉམ་འབྲེལ་རྒྱ་ནག་གི་ཚོང་རོགས་དང་འཐབ་ཇུས་མཉམ་འབྲེལ་གྱི་ཟླ་གྲོགས་གལ་ཆེན་ཞིག་ཡིན། རྒྱ་ནག་ལ་གཅིག་སྒྲིལ་དང་ཡར་རྒྱས་ཕུན་སུམ་ཚོགས་པའི་ཡུ་རོབ་མཉམ་འབྲེལ་ཞིག་སོར་གནས་ཐུབ་པའི་རེ་བ་ཡོད། དབྱིན་ཇི་ཡུ་རོབ་མཉམ་འབྲེལ་གྱི་ཚོགས་འཐུས་རྒྱལ་ཁབ་གལ་ཆེན་ཞིག་ཡིན་པ་དང་། དབྱིན་ཇིའི་གཞུང་གིས་ཡུ་རོབ་མཉམ་འབྲེལ་གྱི་ཁོངས་སུ་བཟང་ཕྱོགས་ཀྱི་ནུས་པ་བཏོན་ཏེ། རྒྱ་ནག་དང་ཡུ་རོབ་མཉམ་འབྲེལ་གྱི་གང་ཅིའི་འབྲེལ་བ་གཏིང་ཟབ་ཏུ་གཏོང་ཐུབ་པའི་རེ་བ་ཡོད་ཅེས་ནན་བརྗོད་བྱས་པའི་གནས་ཚུལ་ཐོན་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG