ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

དབྱིན་ཡུལ་ནང་རྒྱ་ནག་གི་སྲིད་འཛིན་ལ་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་ངོ་རྒོལ་ལས་འགུལ།


རྒྱ་ནག་གི་སྲིད་འཛིན་ཤི་ཅི་པིང་གིས་དེང་སྐབས་དབྱིན་ཡུལ་ནང་ རྒྱལ་དོན་འཚམས་གཟིགས་གནང་གི་ཡོད་པའི་སྐབས་འདིར། དེ་རིང་དབྱིན་ཇིའི་སྲིད་བློན་དང་མཇལ་འཕྲད་གནང་རྒྱུའི་སླད། སྲིད་བློན་གྱི་ལས་ཁུངས་ལ་ཕེབས་པའི་སྐབས་སུ་གཡས་གཡོན་དུ་དགའ་བསུ་ཞུ་མཁན་རྒྱ་རིགས་དང་། དེ་བཞིན་ཁོང་ལ་ངོ་རྒོལ་བྱེད་མཁན་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཁག་དང་། ས་གནས་སུ་གནས་འཁོད་བོད་མི་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་ངོ་རྒོལ་ལས་འགུལ་ཤུགས་ཆེ་སྤེལ་བའི་རྐྱེན་གྱིས་སྲིད་བློན་ལས་ཁུངས་ཀྱི་གཞུང་སྒོ་ནས་མ་ཕེབས་ལྟག་སྒོ་ནས་ཕེབས་དགོས་བྱུང་ཡོད་འདུག དེ་བཞིན་ཉེན་རྟོག་མི་སྣ་ཚོས་བོད་མི་ངོ་རྒོལ་བ་གཉིས་དང་རྒྱ་རིགས་དམངས་གཙོ་དོན་གཉེར་བ་གཅིག་འཇུ་བཟུང་བྱས་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་འཕྲིན་ཁག་ནང་ཐོན་པའི་གནས་ཚུལ་ཁག་དང་། རྒྱ་ནག་གི་སྲིད་འཛིན་ལ་ངོ་རྒོལ་བྱེད་མཁན་ས་གནས་སུ་ཡོད་པའི་བོད་མི་ཁག་ཅིག་ལ་ལས་འགུལ་གྱི་སྐོར་གནས་འདྲ་ཞུས་པ་དེ་གསན་རོགས་གནང་།

XS
SM
MD
LG