ངོ་འཕྲད་བདེ་བའི་དྲ་འབྲེལ།

ཞི་བདེའི་གཟེངས་རྟགས་ཐོབ་མཁན་ཚོས་རྒྱ་ནག་གི་སྲིད་འཛིན་ལ་ལིའུ་གློད་བཀྲོལ་གཏོང་དགོས་པའི་སྐུལ་མ།


ནོར་ཝེལ་ཞི་བདེའི་གཟེངས་རྟགས་ཐོབ་མྱོང་གནང་མྱོང་ཡོད་པའི་ཆེས་མཐོའི་མི་སྣ་བཅིུས་ཀྱིས་བྱིན་ཡུལ་གྱི་སྲིད་བློན་ལ་ཡོངས་ཁྱབ་ཞུ་ཡིག་ཅིག་ཕུལ་ཏེ་གཟའ་འཁོར་འདིའི་ནང་རྒྱ་ནག་གི་སྲིད་འཛིན་བྱིན་ཡུལ་ནང་འཚམས་འདྲི་ལྟ་སྐོར་བྱེད་བའི་སྐབས་ དཔོན་རིགས་དེར་རྒྱ་ནག་གཞུང་དང་ལྟ་སྤྱོད་མི་མཐུན་མཁན་ནོར་ཝེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ལིའུ་ ཞ་པོ་དང་ཁོང་གི་གཟའ་ཟླ་ལིའུ་ཅའ་གཉིས་བཙོན་ནས་གློད་བཀྲོལ་གཏོང་དགོས་པའི་སྐུལ་མ་ཞུ་རོགས་ཞེས་བཀོད་ཡོད་པ་རེད། འདིའི་ཐོག་རྒྱལ་སྤྱིའི་གསར་ཤོག་ཁག་གི་ནང་ཐོན་པའི་གནས་ཚུལ་རྣམས་པདྨ་བདེ་ཆེན་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG