ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

དབྱིན་ཡུལ་ནང་རྒྱ་ནག་གི་སྲིད་འཛིན་ལ་ངོ་རྒོལ་བྱས་ཡོད་པ།


དབྱིན་ཇིའི་སྲིད་གཞུང་གིས་ད་རང་ཞོགས་པ་རྒྱ་ནག་གི་སྲིད་འཛིན་ཤི་ཅི་པིང་དབྱིན་ཡུལ་ནང་ཉི་མ་བཞིའི་རིང་རྒྱལ་དོན་འཚམས་གཟིགས་དེ་འགོ་འཛུགས་གནང་སྐབས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཤིག་ཞུས་ཡོད་འདུག་ཀྱང་། སྐབས་དེར་གཡས་གཡོན་ལམ་གཞུང་ཁག་དང་ཕེབས་ཡུལ་ཚང་མར་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོ་དང་བོད་དོན་རྒྱབ་སྐྱོར་བ་ཚོ་དེ་བཞིན་ས་གནས་སུ་གནས་འཁོད་བོད་མི་ཚོས་ངོ་རྒོལ་ཤུགས་ཆེ་བྱས་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་འཕྲིན་ཁག་ནང་ཐོན་པའི་གནས་ཚུལ་དང་། དབྱིན་ཇིའི་རྒྱལ་ས་ལོན་ཏོན་ནང་ཡོད་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ ཚེ་རིང་པ་སངས་ལགས་སུ་གནས་འདྲི་ཞུས་པ་དེ་གསན་རོགས་གནང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG