ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་བོད་ནང་གི་རྩོམ་པ་པོའི་ཆེད་ཞུ་སྐུལ།


བཞུགས་སྒར་དྷ་རམ་ས་ལ་ན་རྟེན་གཞི་བྱས་ཡོད་པའི་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱིས་ཉེ་ཆར་གློད་བཀྲོལ་ཐོབ་པའི་རྩོམ་པ་པོ་སྒྲོལ་མ་སྐྱབས་ལགས་དང་། དེ་བཞིན་རྒྱ་ནག་གིས་བཙོན་འཇུག་དང་ལྟ་རྟོག་འོག་ཏུ་ཡོད་པའི་རྩོམ་པ་པོ་གཞན་དག་གི་གནས་སྟངས་ལ་དོ་སྣང་དང་འབོད་སྐུལ་རྒྱག་བཞིན་པའི་ཐད། པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་དྲུང་ཆེ་གཡུ་སྒང་འོད་ཟེར་ལགས་དང་བགྲོ་གླེང་ཞུས་པ་ཡིན།། གཟའ་པ་སངས་ཉིན་ཁེ་ན་ཊའི་གྲོང་ཁྱེར་Quebec ནང་མཇུག་བསྒྲིལ་བའི་རྒྱལ་སྤྱིའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་ཆེན་ཐེངས་གྱ་གཅིག་པའི་སྟེང་། པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་སྐུ་ཚབ་ཀྱིས་བཙོན་འཇུག་བྱས་ཡོད་པའམ་བསམ་ཚུལ་སྟོན་མི་ཐུབ་པ་བཟོས་ཡོད་པའི་རྩོམ་པ་པོ་གཞན་དག་གི་ཚབ་བྱས་ནས་ཁོ་ཚོའི་ཐོབ་ཐང་སྲུང་སྐྱོབ་དང་ཉམས་མྱོང་སྤེལ་རེས་བྱས་པ་རེད།། དྲུང་ཆེ་འོད་ཟེར་ལགས་ཀྱིས་བརྗོད་པ་ལྟར་ན། ཕྱི་ལོ་༢༠༠༨་དང་༢༠༠༩་ནང་བོད་ཀྱི་རྩོམ་པ་པོ་དང་སྒྱུ་རྩལ་བ་སོགས་བདུན་བཅུ་ཙམ་འཛིན་བཟུང་བཀག་ཉར་བྱས་ཤིང་། ད་ལྟའང་ཉི་ཤུ་ལྷག་གིས་ཁྲིམས་ཆད་ལྗིད་མོ་ཁུར་ནས་བཙོན་ཁང་དུ་སྡུག་སྦྱོང་མནར་གཅོད་མྱོང་བཞིན་པ་རེད་ཟེར།།

XS
SM
MD
LG