ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གི་འགོ་ཁྲིད་ཚོས་བླ་མ་གྲྭ་ཁྱིམ་དུ་བསུས་ནས་མི་སེམས་འགུག་ཐབས།


རྒྱ་ནག་གཞུང་གིས་བོད་རྒྱ་ནག་གི་ཆ་ཤས་བསྙོན་མེད་ཅིག་ལ་སྒྱུར་ཐབས་དང་ད་བར་ལོ་༦༠་ལྷག་གི་རིང་ལ་འབད་བརྩོན་བྱས་མོད། ཡིན་ནའང་ད་དུང་ཡང་བོད་པ་ཚོའི་བློ་སྙིང་བྲང་གསུམ་རྒྱ་ནག་གཞུང་ལ་གཏོད་ཀྱི་མེད་པར་རྟེན། རྒྱ་ནག་གཞུང་གིས་ཐབས་ཇུས་སྣ་ཚོགས་དང་ལས་འགུལ་སྣ་མང་ཞིག་སྤེལ་བཞིན་ཡོད་ཅིང་། ལས་འགུལ་དེ་དག་གི་ཆེས་གསར་ཤོས་དེ་བོད་ཀྱི་བླ་གྲྭ་གནད་ཡོད་མི་སྣ་ཁག་ལ་རྒྱ་ནག་གུང་ཁྲན་ཚོགས་པའི་མཐོ་རིམས་འགོ་ཁྲིད་ཚོས་སྒེར་གྱི་འབྲེལ་བ་འཛིན་ཐབས་དང་། ཁོ་ཚོས་བླ་གྲྭ་གནད་ཡོད་ཚོ་རང་ཁྱིམ་ལ་གདན་འདྲེན་ཞུ་བའི་ལས་འགུལ་ཞིག་སྤེལ་འགོ་བཙུགས་ཡོད་པ་རེད།

XS
SM
MD
LG