ངོ་འཕྲད་བདེ་བའི་དྲ་འབྲེལ།

བཙན་འཕྲོག་བྱས་པའི་རྩ་ས་ཕྱིར་སྤྲོད་དགོས་པའི་ཞུ་གཏུགས་ཀྱི་སྙན་ཞུ་གཏོང་མཁན་བོད་མི་དོ་དམ།


བོད་མདོ་སྨད་མཛོད་དགེ་རྫོང་གི་ཐང་སྐོར་གྲོང་བརྡལ་གྱི་ནང་ ས་གནས་ཀྱི་རྒྱ་ནག་གཞུང་གི་འགོ་ཁྲིད་ཚོས་ བོད་མིའི་རྩ་ས་བཙན་འཕྲོག་བྱས་ཡོད་པ་དེ་དག་ ཕྱིར་སློག་དགོས་པའི་ཞུ་གཏུགས་ཀྱི་སྙན་ཞུ་གཏོང་མཁན་བོད་མི་གཉིས་ ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་བཀག་ཉར་བྱས་ཡོད་པའི་གནས་ཚུལ་ཐོན་འདུག་ དེ་ཡང་ ཕ་ཡུལ་དང་ བོད་ཀྱི་དུས་བབས་ཚགས་པར་གྱིས་གནས་ཚུལ་སྤེལ་གསལ་ལྟར་ན་ ཕྱི་ཟླ་༡༠པའི་ཚེས་༡༤ རེས་གཟའ་ལྷག་པའི་ཉིན་ ཐང་སྐོར་གྲོང་བརྡལ་གྱི་ཉེན་རྟོག་པས་ རང་ལོ་༦༣ལ་སོན་པ་རིན་ཆེན་རྡོ་རྗེ་ལགས་དང་ རང་ལོ་༥༦ལ་སོན་པ་མ་རྒྱུག་བཅས་མི་གཉིས་ལ་ སྐད་ཆ་འདྲི་རྒྱུ་ཡོད་ཚུལ་བཤད་དེ་ཉེན་རྟོག་ལས་ཁང་ལ་འབོད་འགུག་བྱས་ཏེ་འཛིན་བཟུང་བྱས་ཡོད་པ་དང་ དེ་ནས་ཉེན་རྟོག་པས་ཁོང་གཉིས་ཀྱི་ནང་མིར་འབྲེལ་བ་བྱས་ཏེ་ ཁོང་གཉིས་འཛིན་བཟུང་བྱས་ནས་ད་ལྟ་ཁྱུང་ཆུ་རྫོང་དུ་ཡོད་པས་ གྱོན་ཆས་ལ་སོགས་པ་སྐྱེལ་དུ་ཡོང་དགོས་ཞེས་བརྡ་ཐོ་བཏང་བ་ཙམ་ལས་ འཇུ་བཟུང་བྱེད་དགོས་དོན་ཇི་ཡིན་འགྲེལ་བརྗོད་གང་ཡང་བྱས་མེད་པ་རེད།

XS
SM
MD
LG