ངོ་འཕྲད་བདེ་བའི་དྲ་འབྲེལ།

བཙན་བྱོལ་བོད་མི་ཚོས་རིང་མིན་ཚེས་༡༨ཀྱི་ཉིན་སྔོན་འགྲོའི་འོས་ཤོག་བླུགས་ཀྱི་ཡོད་པ།


བཙན་བྱོལ་བོད་མི་ཚོས་བཙོན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། བོད་མི་མང་སྤྱི་འཐུས་འོིས་མི་འདེམ་བསྐོ་བྱ་རྒྱུར་རིང་མིན་འདི་ཟླའི་ཚེས་༡༨ཀྱི་ཉིན་སྔོན་འགྲོའི་འོས་བསྡུ་དང་། དེ་རྗེས་དུས་སང་ཕྱི་ལོ་༢༠༡༦གི་ཕྱི་ཟླ་གསུམ་པའི་ཚེས་༢༠འི་ཉིན་འོས་བསྡུ་དངོས་གཞི་དེ་བྱས་ཏེ་སྲིད་སྐྱོང་དང་སྤྱི་འཐུས་༤༤འོས་འདེམ་བྱེད་ཀྱི་ཡོད་པ་ལྟར། ད་རེས་ཀྱི་འོས་བསྡུའི་ལས་འགུལ་ལ་ཨེ་ཤི་ཡའི་མང་གཙོའི་དྲ་བ་དང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་བསྟི་གནས་ཁང་། ཨེ་ཤི་ཡའི་རང་དབང་འོས་བསྡུའི་དྲ་བ། འདི་ག་རྒྱལ་ས་ཝཱ་ཤིང་ཀྲན་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་འགྲོ་བ་མིིའི་ཐོབ་ཐང་ལས་ཁང་བཅས་ཀྱིས་འོས་བསྡུ་དེ་ཚོ་དྲང་བདེན་ཡོང་གི་ཡོད་མེད་ཀྱི་གཟིགས་ཞིབ་གནང་གི་ཡོད་འདུག

XS
SM
MD
LG