ངོ་འཕྲད་བདེ་བའི་དྲ་འབྲེལ།

འབར་མའི་ཞི་བའི་གྲོས་མོལ་ལ་རྒྱ་ནག་གིས་ཐེ་གཏོགས།


འབར་མའི་ཞི་བའི་གྲོས་སྒྲིག་པ་མཱིན་ཟོ་ཨོས་མཐའ་་མཚམས་ཀྱི་གྲངས་ཉུང་མི་རིགས་ཁག་ལ་ཞི་བའི་གྲོས་མོལ་བྱས་ཏེ། འབར་མའི་དབུས་གཞུང་དང་མཐའ་མཚམས་ཀྱི་གྲངས་ཉུང་མི་རིགས་ཁག་གི་གྱེན་ལོག་པ་ཚོས་ཞི་བའི་གྲོས་མཐུན་འཇོག་ཅིག་ཐུབ་པའི་འབད་བརྩོན་བྱེད་ཀྱི་ཡོད་ཀྱང་། ཕྱི་ཟླ་༡༠་ཚེས་༩་ཉིན་འབར་མའི་གྲོས་མོལ་འགོ་བས་གསར་འགོད་པ་ཚོར་བཤད་པ་ལྟར་ན། ང་ཚོས་འབར་མའི་མཐའ་མཚམས་ཁག་ཏུ་གྲངས་ཉུང་མི་རིགས་ཀྱི་གྱེན་ལོག་ཤོག་ཁག་བཅོ་ལྔ་ཡོད་པ་དེའི་ཁོངས་ནས་གྱེན་ལོག་ཤོག་ཁག་༨་ལ་ཞི་བའི་གྲོས་མོལ་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད། འབར་མའི་གྱེན་ལོག་པའི་ཤོག་ཁག་རེ་ཟུང་གི་འགོ་ཁྲིད་ཚོ་རྒྱ་མི་རིགས་ཡིན་པ་དང་། ཁོ་ཚོར་དཔལ་འབྱོར་དང་མཚོན་ཆ་སོགས་ཕྱོགས་གང་ཐད་དུ་རྒྱ་ནག་ནས་རོགས་སྐྱོར་ཐོབ་བཞིན་ཡོད། ཉེ་ཆར་རྒྱ་ནག་གི་སྐུ་ཚབ་སུང་གུའོ་ཤེང་གིས་འབར་མའི་གྱེན་ལོག་པའི་ཤོག་ཁག་གཉིས་ཀྱི་རྒྱ་རིགས་འགོ་ཁྲིད་ཚོརཐུག་འཕྲད་བྱས་ནས་བཟུང་། འབར་མའི་རྒྱ་མི་རིགས་ཀྱི་གྱེན་ལོག་པའི་ཤོག་ཁག་གཉིས་ཀྱི་འགོ་ཁྲི་ཚོས་ཞི་བའི་གྲོས་མཐུན་དེར་མིང་རྟགས་མ་བཀོད་པ་དང་། འདི་ནི་རྒྱ་ནག་གི་གནོན་ཤུགས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་ཞེས་སྐྱོན་འཛུགས་བྱས་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG