ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

པཱ་ཀི་སི་ཏན་གྱི་སྲིད་བློན་གྱི་ཐད་གྲོས་འཆར་བཏོན་པར་རྒྱ་གར་གྱིས་དགག་པ་བརྒྱབས་ཡོད་པ།


པཱ་ཀི་སི་ཏན་གྱི་སྲིད་བློན་ནཱ་ཝྫ་ ཤཱ་རིཕྷ་ཀྱིས་ འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱས་འཛོམས་ཚོགས་ཆེན་ལ་གཏམ་བཤད་བྱས་པའི་ནང་ རྩོད་གླེང་ཡོད་པའི་ཀཤ་མིར་ས་ཁུལ་ དེ་བཞིན་ དམག་དོན་ལས་འགུལ་སྤེལ་མི་ཆོག་པའི་ས་ཁུལ་ཞིག་ཏུ་འགྱུར་དགོས་རྒྱུས་མཚོན་པའི་ ས་ཁུལ་དེ་དང་འབྲེལ་བའི་གྲོས་འཆར་དོན་ཚན་བཞི་ཅན་ཞིག་བཏོན་ཡོད་པར་ རྒྱ་གར་གཞུང་གིས་དགག་པ་བརྒྱབས་ཏེ་ པཱ་ཀི་སི་ཏན་ནི་ འཇིགས་བསྐུལ་རིང་ལུགས་པར་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་པས་ ཀཤ་མིར་ཁུལ་དུ་འཁྲུག་རྩོད་ཞི་ཐབས་བྱ་རྒྱུའི་ཐབས་ལམ་ཡག་ཤོས་དེ་ནི་ ས་ཁུལ་དེ་དམག་དོན་ལས་འགུལ་སྤེལ་མི་ཆོག་པའི་ས་ཁུལ་ཞིག་ཏུ་འགྱུར་རྒྱུ་དེ་མ་ཡིན་པར་ པཱ་ཀི་སི་ཏན་རང་ཉིད་ འཇིགས་བསྐུལ་རིང་ལུགས་པ་གསོ་སྐྱོང་དང་ དར་སྤེལ་གཏང་ཡུལ་ཞིག་ཏུ་གྱུར་ཡོད་པ་དེར་འགྱུར་བ་གཏོང་རྒྱུ་དེ་རེད་ཅེས་གསུངས་ཡོད་པ་རེད།

XS
SM
MD
LG