ངོ་འཕྲད་བདེ་བའི་དྲ་འབྲེལ།

ཕ་ཡུལ་གླེང་སྟེགས།

མདོ་སྨད་ཐང་སྐོར་གྱི་རང་ས་སྲུང་སྐྱོབ་དང་ཞུ་གཏུག་པ་འཛིན་བཟུང་།


ཕྱི་ལོ་༢༠༡༥་ཟླ་༩་ཚེས་༢༨་ཉིན་གྱི་ཕ་ཡུལ་གླེང་སྟེགས་ནང་། མདོ་སྨད་མཛོད་དགེ་ཐང་སྐོར་ས་ཁུལ་དུ་རྒྱ་ནག་གཞུང་གིས་འབྲོག་པའི་ལག་ནས་ས་ཆ་འཕྲོིག་བཞིན་པ་དང་། ཞུ་གཏུག་བྱེད་མཁན་མང་པོ་འཛིན་བཟུང་བཀག་ཉར་བྱེད་བཞིན་པའི་ཐད་དྲ་ལམ་དུ་ཡོད་པའི་བརྙན་པར་དང་རྒྱུས་ཡོད་མི་སྣ་ལ་རྒྱབ་ལྗོངས་ཐད་བགྲོ་གླེང་ཞུས་པ་ཡིན།། ཉེ་ཆར་རྒྱ་ནག་གཞུང་གིས་ཐང་སྐོར་ས་ཁུལ་གྱི་ཞུ་གཏུག་པ་༡༡་འཛིན་བཟུང་བཀག་ཉར་བྱས་པ་དང་། ས་གནས་ཀྱི་བོད་མི་རྣམས་ཀྱིས་མུ་མཐུད་དུ་རང་ས་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་བཞིན་པ་རེད།།

XS
SM
MD
LG