ངོ་འཕྲད་བདེ་བའི་དྲ་འབྲེལ།

ཁ་སྔོན་གཟའ་ཟླ་བའི་ཉིན་ཨབ་གྷ་ཎི་སི་ཐན་གྱི་ཏ་ལི་བན་གྱེན་ལོག་ཤོག་ཁག་གིས་རྒྱལ་ཁབ་དེའི་བྱང་ཕྱོགས་སུ་ཡོད་པའི་ཁུན་རྡུ་ཟི་གྲོང་ཁྱེར་ལ་དཔུང་འཇུག་བྱས་ཏེ། གྲོང་ཁྱེར་དེའི་བཙོན་ཁང་ཁག་གི་བཙོན་པ་༦༠༠་ལྷག་གློད་གྲོལ་བཏང་ཡོད་པ་དང་། ཨབ་གྷ་ཎི་སི་ཐན་གྱི་གཞུང་གིས་ཏ་ལི་བན་གྱེན་ལོག་པ་ཚོར་འཐབ་རྒོལ་བྱས་ནས་གྲོང་ཁྱེར་དེ་ཕྱིར་ལེན་བྱ་ཐབས་བྱེད་ཀྱི་ཡོད་ཀྱང་། ད་དུང་ཡང་ཏ་ལི་བན་གྱེན་ལོག་པ་ཚོ་གྲོང་ཁྱེར་དེ་ནས་མཐར་སྐྲོད་གཏོང་ཐུབ་མེད་ཅིང་། གཟའ་ལྷག་པའི་ཉིན་ཨ་མི་རི་ཀའི་གནམ་དམག་གི་རྒྱབ་སྐྱོར་འོག་ཨབ་གྷི་སི་ཐན་གྱི་གཞུང་དམག་གིས་གྲོང་ཁྱེར་དེར་ཕར་རྒོལ་བྱས་ཏེ་ས་གནས་དེའི་མི་མང་དཀྱུས་མ་༡༠༠་ལྷག་ལ་རྨས་སྐྱོན་དང་། མི་མང་སྟོང་ཕྲག་༦་ལྷག་རང་ཁྱིམ་ནས་བྲོས་བྱོལ་དུ་འགྲོ་དགོས་ཐུག་ཡོད་པ་རེད།

XS
SM
MD
LG