ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཀེ་ནཱ་ཌའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་བོད་དོན་ལས་འགུལ་སྤེལ་ཕྱོགས་ཀྱི་ཐད་གྲོས་མོལ།


འདས་པའི་གཟའ་འཁོར་དེ་རྫོགས་མཚམས་སུ་ ཀེ་ནཱ་ཌ་ཁུལ་དུ་གནས་འཁོད་བོད་མི་དང་ བོད་དོན་རྒྱབ་སྐྱོར་བ་རྣམས་ གྲོང་ཁྱེར་མོན་ཊི་ཨལ་དུ་འདུ་འཛོམས་བྱས་ཏེ་ མཉམ་འབྲེལ་གྱི་ཐོག་ནས་བོད་དོན་ལས་འགུལ་སྤེལ་རྒྱུའི་ཐབས་བྱུས་ཀྱི་ཐད་གྲོས་བསྡུར་བྱས་ཡོད་ཅིང་ གྲོས་མོལ་ཚོགས་འདུ་དེ་ནི་ ཀེ་ནཱ་ཌའི་བོད་དོན་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱིས་གོ་སྒྲིག་བྱས་པ་ཞིག་ཡིན་པ་དང་ དེའི་དམིགས་ཡུལ་གཙོ་བོ་ནི་ ཀེ་ནཱ་ཌ་ཁུལ་དུ་ཡོད་པའི་བོད་དོན་ཚོགས་པ་ཁག་ཕན་ཚུན་འབྲེལ་བ་གཏིང་ཟབ་ཏུ་གཏོང་རྒྱུ་དང་ བོད་དོན་ལས་འགུལ་སྤེལ་ཕྱོགས་ཀྱི་ཐད་འབྲེལ་བ་བྱེད་ཕྱོགས་ཡར་རྒྱས་གཏོང་རྒྱུ་བཅས་ཡིན་པ་རེད།

XS
SM
MD
LG