ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱུ་སྐར་མིག་དམར་གྱི་ཐོག་ཆུ་རྒྱུན་ཡོད་པ་ཨ་རིའི་མཁའ་དབྱིངས་ཚན་རིག་པས་བརྗོད་པ།


རྒྱུ་སྐར་མིག་དམར་སྟེང་ཆུའི་རྗེས་ཤུལ་རྙེད་སོན་བྱུང་ཡོད་པ་ཨ་མི་རི་ཀའི་རྒྱལ་ཡོངས་མཁའ་སྐྱོད་བཟོ་སྐྲུན་རིག་རྩལ་དང་མཁའ་དབྱིངས་ལས་ཁང་གིས་ ཁ་ས་རེས་གཟའ་ཟླ་བའི་ཉིན་བརྗོད་ཡོད་པར་བརྟེན་ རྒྱུ་སྐར་དེའི་ནང་སྲོག་ཆགས་ཡོད་སྲིད་པའི་འདྲི་བ་ཞིག་གླེང་སློང་བྱུང་ཡོད་པ་དང་ རིང་ཐུང་མི་ཀྲར་བརྒྱ་ཙམ་ཡོད་པའི་ མི་གསལ་བའི་ཚོན་ཁྲའི་འཁྲུག་རིས་ཐུར་དུ་འབབ་རྒྱུན་དེས་ ཆུ་བོ་འབབ་པའི་རྐྱེན་གྱི་ དབྱིབས་དེ་ཆགས་ཡོད་པ་གོང་ཞུས་མཁའ་དབྱིངས་ལས་ཁང་གི་ཚན་རིག་པ་རྣམས་ཀྱིས་འགྲེལ་བརྗོད་གནང་གི་ཡོད་པ་སོགས་ གསར་ལམ་ཁག་ནང་ཐོན་པའི་གནས་ཚུལ་ཁག་ནམ་མཁའ་བསྟན་འཛིན་གྱི་ཕབ་སྒྱུར་དང་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG