དཔལ་ལྡན་དགའ་ལྡན་ཕོ་བྲང་གིས་ཁ་ས་ཕྱི་ཟླ་༩ པའི་ཚེས་༢༥་ཉིན་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བ་ལྟར། ཨ་མི་རི་ཀའི་མངའ་སྡེ་མི་ནི་སོ་ཀྲའི་གྲགས་ཆེ་བའི་མ་ཧོ་སྨན་ཁང་དུ་༧གོང་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཁམས་འཕྲོད་བཞེས་ཀྱི་ཐད་རྒྱུན་ལྡན་གྱི་བརྟག་དཔྱད་གནང་བའི་རྗེས། སྨན་པ་རྣམས་ཀྱི་༧གོང་ས་མཆོག་བདུན་ཕྲག་རེ་ཟུང་སྐུ་ངལ་གསོ་དགོས་པའི་ལམ་སྟོན་གནང་ཡོད་པར་བརྟེན། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རིང་མིན་ཟླ་བ་རྗེས་མ་ཨ་མི་རི་ཀའི་ནང་མངའ་སྡེ་བཞིའི་ནང་ཆིབས་བསྒྱུར་མཛད་རྒྱུ་བཤེལ་གནང་ཡོད་པའི་སྐོར་ཕུན་ཚོགས་ཚེ་རིང་ལཌ་ཀྱིས་སྐུ་སྒེར་དྲུང་ཆེ་སྐོུ་འཆི་མེད་རིག་འཛིན་ལགས་སུ་གནས་འདྲི་ཞུས་ཏེ་ཕྱོཌ་བསྒྲིཌ་ཞུས་པའི་གནས་ཚུལ་དེ་གསན་གྱི་རེད།