ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

རྒྱ་ནག་གི་སྲིད་འཛིན་ཤི་ཡིས་ཚོང་དོན་མི་སྣ་ཁག་ཅིག་ལ་གཏམ་བཤད་གནང་བ།


རྒྱ་ནག་གི་སྲིད་འཛིན་ཤི་ཅི་པིང་གིས་ཨ་མི་རི་ཀའི་ནང་རྒྱལ་དོན་འཚམས་གཟིགས་ལ་ཕེབས་པའི་སྐབས་འདིར། ཨ་མི་རི་ཀ་དང་རྒྱ་ནག་གཉིས་དབར་འབྲེལ་ལམ་བཟང་དུ་བཏང་བའི་ཐོག་ནས་འཁོན་འཛིན་ཕན་ཚུན་གནས་སྟངས་མི་ཡོང་བ་བྱེད་གལ་ཆེ་བ་ཡིན་ཞེས་ནན་བརྗོད་གནང་འདུག དེ་བཞིན་དྲ་རྒྱའི་བརྒྱུད་ལམ་ཐོག་ནས་གསང་བའི་གནས་ཚུལ་རྐུ་འཁྱེར་བྱེད་ཀྱི་ཡོད་པའི་གནད་དོན་ཐད་ཚད་མཐོའི་གྲོས་མོལ་བྱ་རྒྱུར་ཡང་གྲ་སྒྲིག་ཡོད་ཅེས་གསུངས་འདུག ད་ལན་སྲིད་འཛིན་ཤི་ཅི་པིང་། ཨ་རིའི་ནང་ཕེབས་ཡུལ་ཁག་ལ་་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་དང་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཚོ་དང་། ས་གནས་སུ་གནས་འཕོད་བོད་མི་ཚོས་ངོ་རྒོལ་སྐད་འབོད་བྱེད་ཀྱི་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་འཕྲིན་ཁག་ནང་ཐོན་པའི་གནས་ཚུལ་ཁག་གསན་རོགས་གནང་།

XS
SM
MD
LG