ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གི་སྲིད་འཛིན་ཨ་རིར་འབྱོར་བའི་སྐབས་སུ་བོད་མི་ཚོས་ངོ་རྒོལ།


ཁ་ས་རེས་གཟའ་མིག་དམར་ཉིན། རྒྱ་ནག་གི་སྲིད་འཛིན་ཨ་རིའི་སི་ཡ་ཏལ་གྲོང་ཁྱེར་ལ་འབྱོར་བའི་སྐབས་དང་བསྟུན། བོད་མི་ཚོས་སྲིད་འཛིན་གྱི་ཕེབས་ལམ་དང་། མགྲོན་ཁང་། དེ་བཞིན། ཚོགས་ཁང་སོགས་ཀྱི་ཕྱི་ལ་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེན་པོ་སྤེལ་ཡོད་པའི་གནས་ཚུལ་འདུག དེ་ཡང་། ཁ་ས་རེས་གཟའ་མིག་དམར་ཞོགས་པ་རྒྱ་ནག་གི་སྲིད་འཛིན་ཤི་ཇི་ ཕིང་ཨ་མི་རི་ཀའི་ནུབ་ཕྱོགས་མངའ་སྡེ་ལྦ་ཤིན་ཊོན་གྱི་གྲོང་ཁྱེར་ཆེ་བ་སི་ཨ་ཊལ་ལ་ཕེབས་འབྱོར་གནང་བ་དང་འབྲེལ། ལྦ་ཤོན་མངའ་སྡེ་ནང་གནས་སྡོད་བོད་མི་དང་། གྲོང་ཁྱེར་པོཏ་ལན་ནས་ཡོང་བའི་བོད་མི། དེ་བཞིན། ཀེ་ན་ཊ་ནས་ཡོང་བའི་བོད་མི་མང་པོ་ཞིག་གིས་རྒྱ་ནག་གི་སྲིད་འཛིན་ལ་ངོ་རྒོལ་སྐད་འབོད་ཤུགས་ཆེ་བྱས་ཏེ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་དགོས་པ་དང་། བོད་རྒྱ་ཞི་མོལ་གང་མྱུར་འགོ་བཙུགས་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG