ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

དབུས་གཞོན་ནུ་ལྷན་ཚོགས་ཀྱི་ཟས་བཅད་ངོ་རྒོལ་ལས་འགུལ་གྱི་ཤུགས་རྐྱེན།


བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་དབུས་གཞོན་ནུ་ལྷན་ཚོགས་ཀྱི་ ཚོགས་གཙོ་འཇིགས་མེད་ལགས་ཀྱིས་གསུང་གསལ་བྱས་ན། ད་ལན་ཉེ་འཆར་གྲོང་ཁྱེར་ཇི་ནི་ཝ་ནང་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སྐབས་སུ་ཨ་རི་དང་ཡུ་རོབ་རྒྱལ་ཁབ་ཁག་ཅིག་གིས་བོད་ཀྱི་གནད་དོན་གླེང་མོལ་གནང་བ་དེ་ནི་དེང་སྐབས་དབུས་གཞོན་ནུས་ལྷན་ཚོགས་ཀྱིས་ཟས་བཅད་ངོ་རྒོལ་ལས་འགུལ་་སྤེལ་གྱི་ཡོད་པ་དེའི་ཤུགས་རྐྱེན་ཞིག་ཡིན་པ་དང་། གཞོན་ནུའི་དམིགས་ཡུལ་དང་པོ་དེ་གྲུབ་ཡོད་པར་ངོས་འཛིན་གནང་གི་ཡོད་ཅེས་གསུངས་ཡོད་པ་རེད།།

XS
SM
MD
LG