ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཆཱི་ལེ་རྒྱལ་ཁབ་ལ་ས་འགུལ་བརྒྱུགས་པ།


གཟའ་ལྷག་པའི་ཉིན་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ལ་ཆཱི་ལེ་འི་མཚོ་ཁའི་གྲོང་ཁྱེར་ཁག་ཏུ་ས་འགུལ་བརྒྱུགས་ཏེ་མི་ལྔ་རྐྱེན་འདས་སུ་སོང་ཡོད་པ་དང་མི་གྲངས་༢༠་ལྷག་ལ་རྨས་སྐྱོན་ཕོག་ཡོད་ཅིང་། ད་དུང་ཡང་ས་གནས་མང་པོར་བརྡ་འཕྲིན་རྒྱུད་ལམ་ཁག་ཆད་ཡོད་པས། ས་གནས་ཁ་ཤས་ཀྱི་གནས་སྟངས་ཁ་གསལ་ཞིག་ཤེས་རྟོགས་ཐུབ་ཀྱི་མེད་པ་དང་། ས་ཡོམ་འགུལ་ཚད་བརྒྱད་དང་གྲངས་ཆུང་གསུམ་ཅན་ཞིག་བྱུང་བ་འདི་ལ་བརྟེན་ནས་རྒྱ་མཚོའི་རྦ་རླབས་འཕྱུར་ཉེན་གྱིས་མཚོ་ཁའི་གྲོང་ཁྱེར་མང་པོར་ཆུ་ལོག་བརྒྱུག་རྒྱུའི་ཉེན་བརྡ་བཏང་སྟེ། མི་གྲངས་ས་ཡ་གཅིག་ལྷག་རང་གི་སྡོད་ཁྱིམ་ཁག་ནས་གནས་སྤོར་བྱ་དགོས་བྱུང་ཡོད་པ་དང་། ཆཱི་ལེ་རྒྱལ་ཁབ་ཀྱིས་རང་བྱུང་གི་འཇིག་པ་ཆེན་པོ་ཞིག་ལ་གདོང་ལེན་བྱས་ནས་ལོ ཤས་ལས་འགོར་མེད་པའི་སྐབས་འདིར་བསྐྱར་དུ་རང་བྱུང་གི་འཇིག་པ་ལ་གདོང་ལེན་བྱ་དགོས་བྱུང་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG