ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༤/༢༤

བྷན་ཁོཀ་གི་གཏོར་རྒོལ་ཡུ་གུར་པའི་དྲག་སྤྱོད་པར་འབྲེལ་བ་འདུག་ཟེར།


ཉེ་ཆར་ཐེ་ལན་གྱི་རྒྱལ་ས་བྷན་ཁོཀ་གི་ཡུལ་སྐོར་སྤྲོ་འཆམ་པ་ཡོང་ས་དང་མི་ཚོགས་ཆེ་ས། ཚོང་ཁང་མང་ས་དང་ཧིན་རྡུ་ཆོས་ལུགས་ཀྱི་ལྷ་ཁང་ཞིག་གི་འགྲམ་དུ་འབར་མདེལ་གྱིས་གཏོང་རྒོལ་བྱས་ཏེ། རྒྱ་ནག་གི་ཡུལ་སྐོར་སྤྲོ་འཆམ་པ་གཙོ་བོར་གྱུར་པའི་མི་༢༠་ཐམ་པར་སྲོག་སྐྱོན་དང་མི་༡༥༠་ལྷག་ལ་རྨས་སྐྱོན་ཕོག་ཀྱང་། ད་བར་ཐེ་ལན་གཞུང་གིས་འབར་མདེལ་གྱིས་གཏོང་རྒོལ་བྱེད་མཁན་སུ་ཡིན་མིན་ངོས་འཛིན་བྱ་ཐུབ་མེད་ཅིང་། ཕྱི་ཟླ་༩་ཚེས་༡༥་ཉིན་ཐེ་ལན་གྱི་ཉེན་རྟོག་སྤྱི་ཁྱབ་པས་ཁྱབ་བསྒྲགས་བྱས་པ་ལྟར་ན། ཞིན་ཅང་གི་ཡུ་གུ་པའི་དྲག་སྤྱོད་པ་ཁག་ཅིག་བྷན་ཁོཀ་གི་གཏོར་རྒོལ་དེར་འབྲེལ་འདུག ཐེ་ལན་གཞུང་གིས་མི་སྐྱེལ་འདྲེན་གྱི་ནག་ཚོང་རྒྱག་མཁན་ཚོར་དམ་དྲག་བྱས་ཏེ། ཐེ་ལན་ལ་བྲོས་བྱོལ་དུ་ཡོང་བའི་ཞིན་ཅང་གི་ཡུ་གུར་པ་༡༠༩་རྒྱ་ནག་ལ་ཕྱིར་སློག་བྱས་པར་ནག་ཚོང་རྒྱག་མཁན་ཚོས་འབར་མདེལ་གྱིས་གཏོང་རྒོལ་བྱས་ནས་ཐེ་ལན་ལ་རྒོལ་ལན་སློག་པ་འདྲ། རྒྱལ་ས་བྷན་ཁོཀ་གི་གཏོར་རྒོལ་དང་ཕྱི་ཟླ་༧་ཚེས་༩་ཉིན་ཏུར་ཀི་རྒྱལ་ཁབ་ཀྱི་ཨི་སི་ཊན་རྦུལ་གྲོང་ཁྱེར་དུ་བཅའ་སྡོད་ཐེ་ལན་གྱི་ཕྱི་འབྲེལ་དོན་གཅོད་ཁང་ལ་གཏོར་བཅོམ་བྱུང་བ་གཉིས་རྒྱུ་རྐྱེན་གཅིག་ལ་ཐུག་ཡོད་ཅེས་བཤད་པ་རེད།

XS
SM
MD
LG