ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་གིས་ཨ་མི་རི་ཀར་མ་རྩ་འཛུགས་འཇོག


ཟླ་མཇུག་འདིར་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་ཨ་མི་རི་ཀར་གཞུང་འབྲེལ་གྱི་འཚམས་འདྲི་ཐེངས་དང་པོ་དེར་ཕེབས་ཏེ། ཁོང་དང་སྲིད་འཛིན་ཨོ་བྷ་མ་གཉིས་ཀྱིས་རྒྱ་ནག་དང་ཨ་མི་རི་ཀའི་དཔལ་འབྱོར་དང་ཚོང་ལས། རྒྱ་ནག་དང་ཨ་མི་རི་ཀའི་ཕྱི་འབྲེལ་དང་འཛམ་གླིང་གི་ཁོར་ཡུག་སྲུང་སྐྱོབ། རྒྱ་ནག་ནས་ཨ་མི་རི་ཀར་དྲ་ལམ་རྐུ་འཛུལ་བ་ཡོང་ནས་ཨ་མི་རི་ཀའི་གསང་བའི་གནས་ཚུལ་རྐུ་འཁྱེར་བྱེད་ཀྱི་ཡོད་པ་དང་། ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་མངའ་ཁོངས་བདག་རྩོད་ཀྱི་འགལ་ཟླ་ཆེ་རུ་སོང་སྟེ། རྒྱ་ནག་དང་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་རྩོད་གཞི་ཆེན་པོ་ཡོད་པའི་གནད་དོན་ཁག་ལ་གྲོས་མོལ་བྱ་འཆར་ཡོད་ཀྱང་། ད་ལྟ་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་གིས་ཨ་མི་རི་ཀར་མ་རྩ་བཙུགས་པ་ཨ་སྒོར་དུང་ཕྱུར་༩༥་བརྒལ་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG