ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

བོད་ཀྱི་བུད་མེད་ལྷན་་ཚོགས་བསྐྱར་གསོ་བྱུང་ནས་ལོ་༣༡་འཁོར་པའི་དུས་དྲན།


བོད་ཀྱི་བུད་མེད་ལྷན་ཚོགས་བཙན་བྱོལ་སྤྱི་ཚོགས་སུ་བསྐྱར་གསོ་བྱུང་ནས་ལོ་༣༡་འཁོར་པའི་དུས་དྲན་ཚུགས་ཡོད་ཅིང་། ད་རེས་ཀྱི་དུས་དྲན་མཛད་སྒོའི་ཐོག་ཏུ་བོད་དོན་ལ་འབྲེལ་བ་ཡོད་པའི་དོན་ཚན་བཞི་ཅན་གྱི་འབོད་སྐུལ་ཞིག་གསལ་བསྒྲགས་གནང་ཡོད་པ་མ་ཟད། ལོ་ལྟར་ཕྱི་ཟླ་དགུ་པའི་ཚེས་༡༠་ཉིན་བཙན་བྱོལ་སྤྱི་ཚོགས་སུ་བོད་ཀྱི་བུད་མེད་ལྷན་ཚོགས་བསྐྱར་གསོ་བྱུང་བའི་དུས་དྲན་སྲུང་བརྩི་བྱེད་ཡོད་པས། ཁ་སང་ཕྱི་ཚེས་བཅུ་ཉིན་བཞུགས་སྒར་དྷ་རམ་ས་ལའི་དབུས་བུད་མེད་ལྷན་ཚོགས་དང་ས་གནས་ཁག་གི་ཁྱབ་ཁོངས་ཡོངས་སུ་དུས་དྲན་སྲུང་བརྩི་ཞུས་ཡོད་པ་རེད།།

XS
SM
MD
LG