ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༡༦

བོད་ཀྱི་དབུས་གཞོན་ནུ་ལྷན་ཚོགས་ཀྱིས་ཟས་བཅད་ངོ་རྒོལ་འགོ་འཛུགས།


བོད་ཀྱི་དབུས་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་རྒྱུན་ལས་ཁང་གི་རྒྱུན་ལས་གསུམ་གྱིས་རྒྱ་གར་རྒྱལ་ས་ལྡི་ལིའི་ནང་དུ་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་ཞིག་དེ་རིང་ཕྱི་ཟླ་དགུ་པའི་ཚེས་༩ནས་འགོ་འཛུགས་ཡོད་པ་དང་ ཐེངས་དེའི་ཟས་བཅད་ངོ་རྒོལ་དེ་ནི་རྒྱ་ནག་གཞུང་གིས་བོད་ཀྱི་གནས་སྟངས་སྐོར་རྒྱབ་ཤ་དཀར་པའི་ཡིག་ཆ་ཟེར་བ་བཏོན་པ་དང་བོད་རང་སྐྱོང་ལྗོངས་ཟེར་བ་བཙུགས་ནས་ལོ་༥༠འཁོར་བའི་དྲན་གསོ་བྱས་པ་སོགས་བོད་ནང་གི་གནས་སྟངས་དངོས་དང་མི་མཐུན་པའི་དྲིལ་བསྒྲགས་བྱས་པ་ཁག་ལ་ལན་འདེབས་དང་ཟླ་བ་འདིའི་ནང་རྒྱལ་ཚོགས་ཀྱི་རྒྱལ་འཛོམས་ཚོགས་ཆེན་དང་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་ཆེན་འཚོག་གི་ཡོད་པ་སོགས་ཀྱི་སྐབས་དང་བསྟུན་ནས་དམིགས་ཡུལ་གསུམ་དང་དགོས་དོན་ལྔའི་ཐོག་ནས་བྱས་པ་ཞིག་ཡིན་པ་དབུས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་ཀྱིས་འགྲེལ་བརྗོད་གནང་ཡོད་པ་རེད། དེའི་སྐོར་ང་ཚོའི་གསར་འགོད་པ་ཚེ་རིང་དབང་རྒྱལ་ལགས་ཀྱིས་ལྡི་ལི་ནས་གནས་ཚུལ་བཏང་བ་དེ་གསན་རོགས་གནང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG