ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གཞུང་གིས་རྩ་ཐང་བཙན་འཕྲོག་བྱས་པར་ནང་སོག་གི་འབྲོག་པ་ཚོས་ངོ་རྒོལ་བྱས་པ།


རྒྱ་ནག་གི་དབང་འོག་ཏུ་ཡོད་པའི་ནང་སོག་གི་འབྲོག་པ་༤༠༠ ཙམ་གྱིས་ནང་སོག་རང་སྐྱོང་ལྗོངས་ཀྱི་དམར་ཤོག་འགོ་ཁྲིད་ཀྱི་མོ་གྲའི་མདུན་བཀག་པ་དང་གཞུང་གི་ལས་ཁུངས་ཀྱི་ནང་དུ་འཛུལ་ནས་སྐད་འབོད་བྱས་པ་སོགས་བྱས་ཏེ་སྲིད་གཞུང་གིས་འབྲོག་པའི་རྩ་ཐང་བཙན་འཕྲོག་བྱས་པར་བདེ་སྡུག་ཞུ་མཁན་འབྲོག་པ་འཛིན་བཟུང་བྱས་པ་ཚོ་གློད་བཀྲོལ་དགོས་པའི་སྐད་འབོད་བྱེད་པའི་སྐབས་གཞུང་གི་བདེ་འཇག་དམག་མི་༥༠༠ ཙམ་ཡོང་ནས་དྲག་གནོན་བྱས་ཡོད་པ་རེད། ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ནང་ཡོད་པའི་སོག་ཡུལ་ལྷོ་ཕྱོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྟེ་གནས་ཁང་གིས་རྒྱ་ནག་གཞུང་གིས་ནང་སོག་ཞེས་འབོད་པའི་ལྷོ་ཕྱོགས་སོག་ཡུལ་ཡོངས་ཀྱི་ནང་དུ་འཛུགས་བསྐྲུན་ལ་ཁ་གཡར་ཏེ་ས་ཆའི་བདག་པོ་འབྲོག་པ་ཚོ་རྩ་ཐང་ནས་ཕྱིར་འབུད་དང་གང་ས་གང་ལ་གཏེར་ཁ་བསྔོག་བཏོན་བྱས་པའི་གནས་ཚུལ་ཚབས་ཆེ་ཡོང་བཞིན་པ་རེད་ཅེས་གསུང་གི་ཡོད་པ་རེད།

XS
SM
MD
LG