ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་མིས་༼གསང་བའི་གྲོང་ཁྱེར་༽གྱི་ཁོངས་སུ་ཞུགས་པ།


ཨོ་སི་ཊོ་ལི་ཡའི་Foxtel དང་། ཨ་རིའི་Matchboxགློབ་བརྙན་བཟོ་ལས་ཁང་མཉམ་འབྲེལ་གྱིས་༼གསང་བའི་གྲོང་ཁྱེར་༽ཞེས་པའི་ཆབ་སྲིད་ཀྱི་བརྗོད་དོན་གཙོ་བོ་བྱེད་པའི་མུ་འབྲེལ་བརྙན་འཕྲིན་ཞིག་ཕབ་བསྐྲུན་བྱེད་པའི་ཁྲོད་དུ། རྒྱ་ནག་གཞུང་ཚབ་དང་རྒྱ་རིགས་འཁྲབ་སྟོན་པ་ཚོའི་ངོ་རྒོལ་དང་གནོན་ཤུགས་ལ་མ་ལྟོས་པར་བོད་མི་ཚོས་འཁྲབ་སྟོན་གྱི་ཁོངས་སུ་ཞུགས་ཡོད་པ་རེད། གསང་བའི་གྲོང་ཁྱེར་ཞེས་པའིབརྙན་འཕྲིན་གྱི་ཟློས་གར་འདི་ནི་གཙོ་བོ་འཛམ་གླིང་གི་གསང་བ་དང་ཟོག་རྫུན། དྲག་གནོན་དང་དམར་གསོད་སོགས་འདུས་པའི་མིའི་སྤྱི་ཚོགས་ཀྱི་ཆེས་མུན་ནག་གི་གདོང་པ་གསལ་སྟོན་བྱེད་ཐབས་བྱས་ཡོད་པ་foxtelགློག་བརྙན་བཟོ་ཚོང་ཁང་གིས་དྲ་ངོས་སུ་ཁྱབ་བསྒྲགས་བྱས་འདུག གློག་བརྙན་འདིའི་ནང་དུ་ཨོ་སི་ཁྲེ་རིས་ལིས་ཡའི་སྲིད་གཞུང་གི་ཨ་མེ་རི་ཀ་དང་རྒྱ་ནག་ལ་འཛིན་པའི་ཕྱི་འབྲེལ་སྲིད་ཇུས་དང་ཕྱི་འབྲེལ་སྲིད་ཇུས་དེ་དག་བརྒྱུད་དེ་རྒྱལ་ནང་དུ་དཀའ་རྙོག་ཅི་ཞིག་ཡོང་གི་ཡོད་མེད་སོགས་ཚུད་ཡོད་འདུག ཕྱི་ལོ་ ༢༠༡༦ ཟླ་ ༣ པའི་ནང་གློག་བརྙན་འདི་རྒྱལ་སྤྱིའི་ཚོང་རྭ་ཁག་ཏུ་དངོས་སུ་གཏོང་རྒྱུ་ཡིན་པ་རེད།

XS
SM
MD
LG