ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༡༦

རྒྱ་གར་གྱིས་ར་ཤི་ཡའི་ས་ནས་ཐད་འཕུར་གནམ་གྲུ་ཉོ་རྒྱུའི་ཐག་གཅོད་བྱས་ཡོད་པ།


རྒྱ་གར་གཞུང་གིས་ ར་ཤི་ཡེའི་ས་ནས་ཨ་སྒོར་འཐེར་འབུམ་གཅིག་དང་དུང་ཕྱུར་གཅིག་གནས་པའི་Mi-17 V5རྟགས་ཅན་གྱི་ཐད་འཕུར་གནམ་གྲུ་བཞི་བཅུ་ཞེ་བརྒྱད་ཉོ་རྒྱུའི་ཐག་གཅོད་བྱས་ཡོད་པ་དང་ ཐག་གཅོད་དེ་ནི་ རྒྱལ་སྲུང་བློན་ཆེན་མཱ་ནཱོ་ཧར་ པཱ་རི་ཀར་གྱིས་དབུ་ཁྲིད་པའི་རྒྱ་གར་གྱི་རྒྱལ་སྲུང་མཁོ་ཆས་ཉོ་སྒྲུབ་ལས་དོན་ཁང་གིས་གཟའ་འཁོར་སྔོན་མ་བྱས་པ་ཞིག་ཡིན་པ་རེད་ རྒྱ་གར་གྱི་མཁའ་དམག་དཔུང་སྡེས་ ར་ཤི་ཡས་བཟོ་བསྐྲུན་བྱས་པའི་ཐད་འཕུར་གནམ་གྲུ་དེ་དག་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་དང་ རྒྱ་གར་དང་པ་ཀིས་ཏན་གྱི་ས་མཚམས་བཅས་རྒྱུད་ཀྱི་གཡང་གཟར་ཆེ་བའི་རི་རྒྱུད་དང་ ཡང་ཧ་ཅང་སྐམ་ཤས་ཆེ་བའི་བྱེ་ཐང་གི་ས་བབས་ཡོད་ས་ཁུལ་ལ་འཕུར་བསྐྱོད་བྱ་རྒྱུར་བེད་སྤྱོད་བྱེད་ཀྱི་ཡིན་ཞེས་བརྗོད་པའི་སྐོར་ ར་ཤི་ཡེའི་ཏྲས་གསར་སྤེལ་ཁང་གིས་གནས་ཚུལ་སྤེལ་ཡོད་པ་རེད།

XS
SM
MD
LG