ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༡༦

བོད་བཙན་བཟུང་བྱས་པ་ནས་བཟུང་མུན་ནག་ཆགས་ཡོད་ལུགས་ངོ་རྒོལ་བས་འབོད་ཚིག


རྒྱ་ནག་གི་འགོ་ཁྲིད་རྣམས་ཀྱིས། བོད་རང་སྐྱོང་ལྗོངས་ཟེར་བ་གསར་ གསར་འཛུགས་བྱས་ཏེ། ལོ་ ༥༠ འཁོར་བར་རྟེན་འབྲེལ་གྱི་དགའ་སྟོན་བྱེད་ བཞིན་པར། བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་སྲིད་སྐྱོང་ བློ་བཟང་སེངྒེ་མཆོག་གིས། བོད་དེ་ད་དུང་རྒྱ་ནག་གི་དབང་བཟུང་བྱས་ཏེ་ ཡོད་པ་ཙམ་དུ་མ་ཟད། བོད་མི་རིགས་རྣམས་ལ་རྒྱ་ནག་གིས་ཆེས་གདུག་རྩུབ་ ཆེན་པོའི་སྒོ་ནས་བཙན་གནོན་མུ་མཐུད་བྱེད་བཞིན་པའི་གནས་སྟངས་འདིའི་ འོག བོད་ཀྱི་ནང་དགའ་སྟོན་བྱེད་འོས་པ་གང་ཡང་མེད་ཅེས་གཏམ་བཤད་ གནང་ཡོད་པ་མ་ཟད། གྲོང་ཁྱེར་ནེའུ་ཡོག་ཏུ་ཡོད་པའི་བོད་མི་རྣམས་ཀྱིས། རྒྱ་ནག་གི་གཞུང་ཚབ་ཁང་གི་མདུན་དུ། རྒྱ་ནག་གི་དགའ་སྟོན་བྱེད་སྒོ་དེར་ མཐའ་ཅིག་ཏུ་ངོ་རྒོལ་ཡོད་པའི་རྣམ་པ་སྟོན་ཐབས་སུ། རྒྱ་ནག་གཞུང་ལ་ ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་ཡོད་པའི་སྐོར་བྱང་ཆུབ་སྒྲོལ་མས་གནས་ཚུལ་ཕྱོགས་བསྒྲིགས་ཞུས་པ་ཞིག་གསན་གྱི་རེད།

XS
SM
MD
LG