ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

༧གོང་ས་མཆོག་གིས་ཡེ་ཤི་ཡའི་དད་ལྡན་ཆོས་ཞུ་བར་གསུང་ཆོས་གནང་བ།


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཞུག་སྒར་རྡ་རམ་ས་ལར་ཉིན་གྲངས་བཞིའི་རིང་ཨེ་ཤི་ཡའི་དད་ལྡན་ཆོས་ཞུ་བ་གཙོ་བར་གྱུར་བའི་དད་ལྡན་མི་མང་ལ་སྤྱོད་འཇུག་ལེའུ་བཅུ་པ་དང་སྒོམ་རིམ་བར་པ་དབུ་མ་རིན་ཆེན་ཕྲེང་བའི་ལེའུ་དང་པོ། རྒྱལ་སྲས་ལག་ལེན་སོ་བདུན་བཅས་ཀྱི་ཆོས་འབྲེལ་དབུ་འཛུགས་མཛད་ཡོད་པ་དང་ གསུང་ཆོས་དེར་འཛམ་གླིང་རྒྱལ་ཁབ་༦༨ཙམ་ནས་ཆོས་ཞུ་བ་༥༤༠༠ མ་ཟིན་ཙམ་ཕེབས་ཡོད་པ་དང་སྐད་ཡིག་མི་འདྲ་བ་བརྒྱད་ཀྱི་ཐོག་ཐད་ཀར་གསུང་བསྒྱུར་ཞུ་བཞིན་ཡོད་པ་མ་ཟད་ཚེས་༧ནས་༡༠བར་གི་གསུང་ཆོས་ཁག་དྲ་རྒྱའི་ལམ་ནས་ཐད་ཀར་རྒྱང་སྲིང་ཀྱང་གནང་བཞིན་ཡོད་པ་རེད། དེའི་སྐོར་ཞིབ་འཕྲའི་གནས་ཚུལ་ང་ཚོའི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བ་ཞིག་གསན་རོགས་གནང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG