ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

བཀྲ་ཤིས་སྐྱིད་གཙོས་རང་ལུས་མེར་སྲེག་བ་ཚོའི་ཆེད་དུ་མཆོད་འབུམ་སྨོན་ལམ།


བཞུགས་སྒར་དྷ་རམ་ས་ལར་༢༠༡༥་ལོའི་ཟླ་བ་༩་ཚེས་༤་ཉིན་ཏེ། རེས་གཟའ་པ་སངས་ཉིན་ཆོས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག ཉེ་ཆར་ཕྱི་ཟླ་༨་ཚེས་༢༧་ཉིན་གྱི་དགོང་མོར་མདོ་སྨད་བླ་བྲང་བསང་ཆུ་རྫོང་། བསང་ཁོག་དངུལ་རྭ་སྡེ་བའི་ཕྲུ་གུ་ལྔའི་ཨ་མ་བཀྲ་ཤིས་སྐྱིད་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་ལ་འཛིན་པའི་སྲིད་ཇུས་ལ་ངོ་རྒོལ་བྱེད་པར་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་ཡོད་ཅིང་། དེར་བརྟེན་བཀྲ་ཤིས་སྐྱིད་དམ་པ་དེ་ཉིད་གཙོས་ད་བར་བོད་བསྟན་སྲིད་དང་མི་རིགས། རང་དབང་གི་དོན་དུ་ལུས་སྲོག་ལོངས་སྤྱོད་བློས་བཏང་བའི་རྒྱལ་གཅེས་པ་ཕོ་མོ་འདས་གསོན་ཡོངས་ལ་གཞུང་ཕྱོགས་ཀྱི་གདུང་སེམས་མཉམ་སྐྱེད་དང་མྱ་ངན། ཁོང་ཚོར་རྗེས་དྲན་ཞུ་བར་གཞུང་གི་ལས་ཁུངས་ཁག་སྒོ་བརྒྱབ་སྟེ། རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྟེན་མཆོག་སྤྱན་སྔར་མཆོད་སྤྲིན་སྣ་ལྔ་འབུལ་གཤོམ་དང་འབྲེལ། མཆོད་འབུལ་སྨོན་ལམ་ཚོགས་ཡོད་པ་རེད།

XS
SM
MD
LG