ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

དཀྲོག་གཏམ་སྤེལ་བ་སོགས་སྐྱོན་འཛུགས་བྱས་ཏེ་རྒྱ་ནག་གཞུང་གིས་མི་ཉི་བརྒྱ་ཙམ་འཛིན་བཟུང་།


རྒྱ་ནག་གཞུང་གིས་མི་གྲངས་ཉི་བརྒྱ་ཙམ་ལ་རྒྱུ་རྐྱེན་འདྲ་མིན་ཐད་དཀྲོག་གཏམ་སྤེལ་བའི་སྐྱོན་འཛུགས་བྱས་ཏེ་འཛིན་བཟུང་བྱས་པའི་ཁོངས་སུ་བདུན་ཕྲག་འདིའི་གཟའ་མིག་དམར་ཉིན་པེ་ཅིང་དུ་ཚོང་དོན་སྐོར་པར་བསྐྲུན་བྱེད་པའི་ཚེ་ཆིང་དུས་དེབ་ཀྱི་གསར་འགོད་པ་ཝང་ཤི་ལུ་ཡིས་གཞན་དང་ལག་འབྲེལ་བྱས་ཏེ་མ་རྐང་ཁྲོམ་རའི་གནས་ཚུལ་རྫུན་བཟོ་བྱས་ཏེ་དཀྲོག་གཏམ་སྤེལ་བའི་དོགས་གཞིའི་འོག་བཀག་ཉར་བྱས་པ་བརྟེན་བཟང་བཙོན་ཡང་ན། བཙོན་འཇུག་ཉེས་ཆད་ཕོག་སྲིད་པ་ཡིན་འདུག འཛིན་བཟུང་བྱས་པའི་གནས་ཚུལ་དེ་རྒྱ་ནག་གཞུང་གཉེར་གསར་ལམ་གྱིས་སྤེལ་བ་དང་། རྒྱ་ནག་གཞུང་གི་ལས་བྱེད་པ་ཡང་འཛིན་བཟུང་བྱས་ཡོད་པས། རྒྱ་ནག་གི་མ་རྐང་སྟངས་འཛིན་བྱེད་རྒྱུ་དང་འབྲེལ་བའི་དབུས་གཞུང་ གི་ལྷན་ཁང་གི་ལས་བྱེད་གཅིག་འཛིན་བཟུང་བྱས་ཏེ། ལྐོག་རྔན་ལེན་པ་དང་ལྐོག་ཚོང་བརྒྱབ་པའི་སྐྱོན་འཛུགས་ བྱས་པ་དང་། མ་འཛུགས་དངུལ་ཁང་གཙོ་བོ་ཞིག་གི་མཐོ་རིམ་ལས་བྱེད་ཉུང་མཐར་བཞི་ལ། ནང་ཁུལ་ཚོང་འབྲེལ་ བྱས་པའི་སྐྱོན་འཛུགས་བྱས་ཏེ་འཛིན་བཟུང་བྱས་ཡོད་འདུག

XS
SM
MD
LG