ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

རྒྱ་ནག་ལ་དམག་ཆེན་གཉིས་པ་མཇུག་བསྒྲིལ་པའི་རུ་སྒྲིག་དགའ་སྟོན།


ཕྱི་ཟླ་༩་ཚེས་༣་ཉིན་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་ཁྲི་ཚོ་༡་དང་སྟོང་ཕྲག་༢་ལྷག་དང་གནམ་གྲུ་༢༠༠་ཐམ་པ། ལྕགས་འཁྲབ་འཁོར་ལོ་དང་མེ་ཤུགས་འཕུར་མདའ་ཆེ་ཆུང་སྣ་ཚོགས། དེང་རབས་ཅན་གྱི་མཚོན་ཆ་གསར་པ་ཁག་ཅིག་འགྲེམ་སྟོན་བྱས་ཏེ། རྒྱ་ནག་གི་དམག་དོན་སྟོབས་ཤུགས་རང་གི་མངའ་ཁོངས་ནས་ཕྱི་ལ་ཁྱབ་ཐུབ་པའི་བརྡ་ཞིག་གཏོང་གི་ཡོད་ཅིང་། སང་ཉིན་སྟོན་འཆར་ཡོད་པའི་མཚོན་ཆ་གསར་པ་བརྒྱ་ཆ་༨༠་ཙམ་སྔོན་ཆད་རྒྱ་ནག་མི་དམངས་ལ་གཏན་ནས་བསྟན་མྱོང་མེད་པས། ཕྱི་རྒྱལ་གྱི་དམག་དོན་ཉམས་ཞིབ་པ་ཚོས་རྒྱ་ནག་གི་འཐབ་འཛིང་གནམ་གྲུ་གསར་པ་དང་མེ་ཤུགས་འཕུར་མདའ་གསར་པ། རྒྱ་ནག་གི་རྡུལ་ཕྲན་མཚོན་ཆ་སོགས་ལ་དོ་སྣང་མང་བ་བྱེད་ཀྱི་ཡོད་པ་དང་། ལྷག་པར་དུ་ཉི་ཧོང་དང་ཐེ་ཝན། ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གི་སྟོབས་ཤུགས་ལ་ཉམས་ཞིབ་བྱ་འདོད་ཆེན་པོ་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG