ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

སྤེན་པ་ཚེ་རིང་མཆོག་གིས་ལྡི་ལིའི་ནང་འདེམས་བསྐོའི་དྲིལ་བསྒྲགས་ལས་འགུལ་སྤེལ་ཡོད་པ་


༄༅།། ། ཕྱི་ལོ་ཉིས་སྟོང་བཅུ་དྲུག་ལོའི་སྲིད་སྐྱོང་འོས་འདེམས་ཀྱི་ནང་ འགྲན་བཞུགས་གནང་མཁན་ བོད་མི་དམངས་ཀྱི་སྤྱི་འཐུས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་ རང་ཉིད་སྲིད་སྐྱོང་ལ་འོས་འདེམས་དགོས་པ་མང་ཚོགས་ལ་ཀུན་སློང་བྱ་རྒྱུར་དམིགས་པའི་དྲིལ་བསྒྲགས་ཀྱི་ལས་འགུལ་ཞིག་སྤེལ་ཡོད་ཅིང་ དེ་ཡང་ ཕྱི་ཟླ་བརྒྱད་པའི་ཚེས་༢༢ རེས་གཟའ་སྤེན་པའི་ཕྱི་དྲོ་ ལྡི་ལིར་ཡོད་པའི་བུ་ཕྲུག་ཁྱིམ་སྡེའི་སློབ་ཁང་དུ་ མཐོ་རིམ་སློབ་གཉེར་བ་༢༠༠སྐོར་ཙམ་ཞིག་ལ་ དུས་ཡུན་ཆུ་ཚོད་གཉིས་ཀྱི་རིང་གཏམ་བཤད་དང་ འདྲི་བ་དྲི་ལན་བཅས་གནང་སྟེ་ གལ་ཏེ་རང་ཉིད་སྲིད་སྐྱོང་ལ་འོས་འདེམས་བྱུང་བ་ཡིན་ན་ བོད་ཀྱི་གནད་དོན་ཐག་གཅོད་ཡོང་ཐབས་སུ་འབད་བརྩོན་ག་རེ་བྱ་རྒྱུ་ཡིན་པ་དང་ སྲིད་བྱུས་ག་རེ་འཛིན་རྒྱུ་ཡིན་པ་ དེ་བཞིན་ དབུས་བོད་མིའི་སྒྲིག་འཛུགས་ཚགས་ཚུད་བཅས་ཡོང་ཐབས་སུ་འགྱུར་བ་ག་རེ་གཏོང་འཆར་ཡོད་པ་སོགས་ཀྱི་ཐད་འགྲེལ་བརྗོད་གནང་ཡོད་པ་རེད་

XS
SM
MD
LG