ངོ་འཕྲད་བདེ་བའི་དྲ་འབྲེལ།

ཕ་ཡུལ་གླེང་སྟེགས།

བག་གྲོ་ལགས་ཀྱིས་ལྡི་ལི་རུ་བོད་དོན་ཞུ་གཏུག


བག་གྲོ་ལགས་ཀྱིས་ལྡི་ལི་རུ་བོད་དོན་ཞུ་གཏུག
please wait
Embed

No media source currently available

0:00 0:18:13 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།།ཕྱི་ལོ་༢༠༡༥་ཟླ་༨་ཚེས་༡༧་ཉིན་གྱི་ཕ་ཡུལ་གླེང་སྟེགས་ནང་། བཞུགས་སྒར་དྷ་རམ་ས་ལར་ཡོད་པའི་ཆབ་སྲིད་བཙོན་ཟུར་བག་གྲོ་ལགས་ཀྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡན་ལག་ལས་ཁུངས་དང་གཞུང་ཚབ་ཁང་ཁག་ཅིག་ཏུ་བོད་དོན་ཞུ་གཏུག་དང་རྒྱབ་སྐྱོར་འཚོལ་ཐབས་བྱེད་བཞིན་པའི་ཐད་བགྲོ་གླེང་ཞུས་པ་ཡིན།། སྐུ་ཞབས་བག་གྲོ་ལགས་ཀྱིས་ཕྱི་ལོ་༢༠༡༥་ཟླ་༨་ཚེས་༡༢་ཉིན་བཞུགས་སྒར་དྷ་རམ་ས་ལ་རུ་གསར་སྤེལ་ཚོགས་འདུའི་སྟེང་ལས་འགུལ་འདི་གསལ་བསྒྲགས་བྱས་ནས་དེ་རིང་གཟའ་ཟླ་བའི་ཉིན་བར་དུ་རྒྱལ་ས་ལྡི་ལི་རུ་གཞུང་ཚབ་ཁང་༢༢་ལ་བཅར་ཏེ་བོད་ནང་གི་གནས་སྟངས་དང་འབྲེལ་བའི་སྙན་ཐོ་ཞིག་ཡར་འབུལ་བ་དང་། ཨ་རིའི་གཞུང་ཚབ་ཁང་དུ་གཞུང་ཚབ་ལས་བྱེད་ཀྱིས་དོ་སྣང་དང་བཅས་སྙན་ཐོ་དེ་གལ་ཆེར་བརྩིས་ནས་བཀའ་མོལ་གནང་བྱུང་ཞེས་བག་གྲོ་ལགས་ཀྱིས་དེ་རིང་གི་ཕ་ཡུལ་གླེང་སྟེགས་སུ་ངོ་སྤྲོད་གནང་བ་རེད།། སྐུ་ཞབས་བག་གྲོ་ལགས་ཀྱིས་ད་རུང་མི་སྒེར་བའི་ངོས་ནས་ལས་འགུལ་སྤེལ་རྒྱུ་གལ་ཆེན་པོ་ཡིན་པའི་སྐོར་གསུངས་ཡོད། ཁོང་གིས་ད་རུང་རྒྱ་གར་གྱི་རྒྱལ་སར་ཡོད་པའི་གཞུང་ཚབ་ཁང་གཞན་མང་པོ་དང་། རྒྱ་གར་ཕྱི་སྲིད་ལས་ཁུངས། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་བཅས་སུ་བཅར་ཏེ་བོད་དོན་ཞུ་གཏུག་དང་རྒྱབ་སྐྱོར་ཡོང་ཐབས་བྱ་རྒྱུ་ཡིན་ཞེས་གསུངས་ཡོད།། བག་གྲོ་ལགས་ཀྱིས་ཐེངས་འདིའི་ལས་འགུལ་གྱི་ཉིན་མཐའ་མར་ལྡི་ལི་རུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་དུ་བཅར་ཏེ་སྙན་ཐོ་དེ་ཡར་འབུལ་རྒྱུའི་འཆར་གཞི་ཡོད་ཅེས་དེ་རིང་གི་ཕ་ཡུལ་གླེང་སྟེགས་ལས་རིམ་ནང་གནས་ཚུལ་ངོ་སྤྲོད་བྱས་པ་རེད།།

XS
SM
MD
LG