ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་གིས་ཨ་རི་ལ་ལིང་ཝན་ཁྲེང་རྩད་གཅོད་བྱ་དགོས་ཟེར།


FILE - Ling Jihua pauses while attending the opening ceremony of the Chinese People's Political Consultative Conference (CPPCC) at the Great Hall of the People in Beijing, March 3, 2013.
FILE - Ling Jihua pauses while attending the opening ceremony of the Chinese People's Political Consultative Conference (CPPCC) at the Great Hall of the People in Beijing, March 3, 2013.

༄༅།། ཟླ་བ་སྔོན་མར་རྒྱ་ནག་གཞུང་གིས་སྲིད་འཛིན་ཟུར་པ་ཧུ་ཅིན་ཐའོ་ཡི་དུས་སྐབས་ཀྱི་མཐོ་རིམ་འགོ་ཁྲིད། ལིང་ཅི་ཧྭ་ལ་ལྐོག་ཟ་དང་ཁྲིམས་འགལ། དེ་བཞིན་དབང་ཆ་བེད་སྤྱོད་ལོག་པ་བཏང་བའི་ནག་ཉེས་བཙུགས་ཏེ། ལིང་ཅི་ཧྭ་རྒྱ་ནག་དམར་ཤོག་ཚོགས་པའི་ཁོངས་ནས་ཕྱིར་འབུད་བྱས་ཡོད་ཅིང་། ད་ལྟ་ཁོང་ལ་ཁྲིམས་བཤེར་བྱ་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད་པའི་མུར་ ཀྱང་རྒྱ་ནག་གཞུང་གིས་ཨ་མི་རི་ཀར་བྲོས་བྱོལ་དུ་སོང་བའི་ལིང་ཅི་ཧྭའི་སྤུན་མཆེད། ལིང་ཝན་ཁྲེང་ཨ་མི་རི་ཀའི་གཞུང་གིས་རྩད་གཅོད་བྱས་ནས་རྒྱ་ནག་ལ་ཕྱིར་སློག་བྱ་དགོས་པ་དང་། ལིང་ཝན་ཁྲེང་༢༠༡༣་དང་༢༠༡༤་གང་རུང་ཞིག་ལ་ཨ་མི་རི་ཀར་བྲོས་བྱོལ་དུ་སོང་ཡོད། ལིང་ཅི་ཧྭའི་བཟའ་ཟླ་བུ་ཕྲུག་དང་སྤུན་མཆེད་ཚོ་ལ་ཡང་ལྐོག་ཟ་དང་ཁྲིམས་འགལ་དང་འབྲེལ་བ་ཡོད་ཅེས་སྐྱོན་འཛུགས་བྱས་མོད། ཨ་མི་རི་ཀས་འབྲེལ་ཡོད་ལས་སྣེ་ཚོས་ལིང་ཝན་ཁྲེང་གང་དུ་ཡོད་མེད་རྙེད་ཀྱི་མི་འདུག་ཅེས་རྒྱ་ནག་ལ་ལན་འདེབས་བྱས་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG