ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིའི་ཕྱི་སྲིད་དྲུང་ཆེས་ལྷོ་ཤར་ཨེ་ཤ་ཡའི་ལྷན་ཚོགས་སྟེང་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་རྒྱ་ནག་བྱ་སྤྱོད་གླེང་སློང་།


U.S. Secretary of State John Kerry speaks during a meeting with youths from the Association of Southeast Asian Nations (ASEAN) region in Kuala Lumpur, Malaysia, Aug. 5, 2015.

༄༅།།ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ཀེ་རི་མཆོག་གིས་ད་ལན་མཱ་ལེ་ཤི་ཡའི་ནང་ལྷོ་ཤར་ཨེ་ཤི་ཡའི་ལྷན་ཚོགས་ཀྱི་ཞོར་དུ་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་དང་མཇལ་འཕྲད་གནང་འདུག སྐབས་དེར་ཁོང་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་རྒྱ་ནག་གཞུང་གིས་མཚོ་གླིང་གསར་རྒྱག་བྱས་ཏེ་གནམ་ཐང་རྒྱག་རྒྱུ་སོགས་ཀྱི་ལས་འཆར་དེ་ཚོའི་ཐོག་བློ་འཚབ་ཆེན་པོ་ཡོང་གི་འདུག་ཅེས་གསུངས་པ་དང་སྦྲགས། ལྷོ་ཤར་ཨེ་ཤ་ཡའི་མངའ་ཁུལ་དུ་ཞི་བདེ་བརྟན་ལྷིང་དགོས་གལ་ཆེ་བ་ཡིན་པའི་སྐོར་རྒྱ་ནག་ལ་ནན་བརྗོད་གནང་འདུག སྐུ་ཞབས་ཀེ་རི་ཡི་རྒྱལ་ཁབ་ལྔའི་ནང་གི་འཚམས་གཟིགས་འདི་དཀྱིལ་ཤར་ཡུལ་གྲུ་ཀོ་ཐར་ནང་མཇུག་སྒྲིལ་གནང་གི་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་འཕྲིན་ཁག་ནང་ཐོན་པའི་གནས་ཚུལ་དེ་གསན་རོགས་གནང་།

ཨ་རིའི་ཕྱི་སྲིད་དྲུང་ཆེས་ལྷོ་ཤར་ཨེ་ཤ་ཡའི་ལྷན་ཚོགས་སྟེང་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་རྒྱ་ནག་བྱ་སྤྱོད་གླེང་སློང་།

XS
SM
MD
LG