ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིའི་གཞུང་གི་དྲྭ་ལས་ལ་རྒྱ་ནག་གིས་གནོད་སྐྱོན་བཏང་བར་ཡ་ལན་སློག་རྒྱུའི་ཐག་གཅོད་བྱས་ཡོད་པ།


རྒྱ་ནག་གིས་ཨ་མི་རི་ཀའི་དབུས་གཞུང་གི་ལས་བྱེད་བདག་གཉེར་ཁང་གི་དྲྭ་རྒྱའི་ནང་ལྐོག་ཏུ་འཛུལ་ཏེ་ ལས་བྱེད་ཨ་མི་རི་ཀ་བ་ས་ཡ་ཉི་ཤུ་ལྷག་གི་སྒེར་གྱི་གནས་ཚུལ་རྐུ་འཁྱེར་བྱས་ཡོད་པར་བརྟེན་ ད་ཆ་ཨ་མི་རི་ཀའི་སྲིད་འཛིན་ཨཽ་བྷ་མ་ཆབ་སྲིད་འཛིན་སྐྱོང་ཁང་གིས་ རྒྱ་ནག་ལ་དེའི་ཐད་ཡ་ལན་ནན་པོ་ཞིག་ངེས་པར་དུ་སློག་དགོས་པའི་ཐག་གཅོད་བྱས་ཡོད་པ་དང་ ཡིན་ནའང་ ཡ་ལན་སྤྲོད་ཕྱོགས་ཀྱི་ཐད་ ད་ལྟ་ལམ་ཕྲལ་ཐག་གཅོད་གང་ཡང་མ་བྱས་པར་ བསམ་བློ་གཟབ་ནན་གཏོང་མུས་ཡིན་པ་རེད་ ད་རེས་ཨ་མི་རི་ཀའི་གཞུང་གི་ལས་ཁུངས་ཤིག་གི་དྲ་རྒྱའི་ནང་གཞན་གྱིས་ལྐོག་ཏུ་འཛུལ་ཏེ་གསང་བའི་གནས་ཚུལ་རྐུ་འཁྱེར་བྱས་པའི་གནས་ཚུལ་འདི་ནི་ གཞི་རྒྱ་ཆེ་ལ་ དམིགས་ཡུལ་ངན་པ་ཞིག་ཡིན་པ་དང་ གལ་ཏེ་འདིའི་ཐད་ཡ་ལན་མ་སྤྲད་པར་དེ་མུར་རྒྱ་ཡན་དུ་བཏང་བ་ཡིན་ན་ ཕྱིན་འབྱུང་དཀའ་ངལ་འདིའི་རིགས་འཕྲད་རྒྱུ་དེ་བས་མང་དུ་འགྲོ་རྒྱུ་ཡིན་པ་ངོས་འཛིན་ཐུབ་པའི་རྗེས་སུ་ ཨ་མི་རི་ཀའི་གཞུང་གིས་དེ་ལ་ཡ་ལན་སློག་རྒྱུའི་ཐག་གཅོད་དེ་གནང་བ་ཞིག་ཡིན་པ་རེད།

XS
SM
MD
LG