ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རྒྱ་ནག་གིས་དམག་ཆེན་གཉིས་པ་དྲན་གསོའི་དྲག་རྩལ་རུ་སྒྲིག་གི་ནང་། རྒྱ་གར་གྱིས་མཉམ་ཞུགས་བྱེད་དགོས་མིན།


རྒྱ་ནག་གིས། ཟླ་བ་རྗེས་མ་འཛམ་གླིང་དམག་ཆེན་གཉིས་པ་དྲན་གསོ་བྱ་ རྒྱུའི་ཆེད་དུ། དྲག་རྩལ་གྱི་རུ་སྒྲིག་གཏོང་བའི་བྱེད་སྒོའི་ཐད། རྒྱ་གར་གྱིས་རང་ ཉིད་མཉམ་ཞུགས་བྱེད་དགོས་མིན་ད་དུང་ཐག་གཅོད་བྱ་རྒྱུ་བསྡད་ཡོད་པ་དང་། རྒྱ་ནག་གིས། ཉི་ཧོང་ལ་མི་དགའ་བའི་རྣམ་འགྱུར་བསྟོན་རྒྱུའི་ཆེད་དུ། འཛམ་ གླིང་དམག་ཆེན་གཉིས་པ་ཆེད་དུ་མངགས་ཏེ་དྲན་གསོ་བྱེད་པའི་རྒྱ་ནག་གི་བྱ་ སྤྱོད་འདིས། ཉི་ཧོང་དང་འབྲེལ་མཐུད་ཟབ་ཏུ་འགྲོ་བཞིན་ཡོད་པའི་རྒྱ་གར་ལ་ བློ་རྩེ་གཉིས་ཀྱི་ཐེ་ཚོམ་བཟོ་གི་ཡོད་པ་རེད།

XS
SM
MD
LG