ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

པེ་ཅིང་ལ་༢༠༢༢་ལོའི་ཨོ་ལིམ་ཕིཀ་རྩེད་འགྲན་གྱི་མགྲོན་བདག་ཐོབ་པ།


ཕྱི་ལོ་༢༠༢༢་ལོའི་དགུན་ཁའི་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་བསྡུར་པེ་ཅིང་ལ་འཚོགས་རྒྱུའི་ཐག་གཅོད་བྱུང་བ་ཅིང་། ཨོ་ལིམ་ཕིཀ་རྩེད་རིགས་ཀྱི་མགྲོན་བདག་ལ་འགྲན་བསྡུར་བྱེད་མཁན་གྲས་སུ་ཁ་ཛཀ་སི་ཐན་གྱི་རྒྱལ་ས་ཨལ་མ་ཏི་ཡོད་ཀྱང་། མཐར་ཨོ་ལིམ་ཕིཀ་འཛིན་སྐྱོང་ལྷན་ཁང་གི་ཚོགས་མི་ཚོས་རྒྱ་ནག་གི་རྒྱལ་ས་པེ་ཅིང་དང་ཁ་ཛཀ་སི་ཐན་གྱི་རྒྱལ་ས་ཨལ་མ་ཏི་གཉིས་ལ་འོས་ཤོག་འཕངས་ཏེ། རྒྱ་ནག་གི་རྒྱལ་ས་པེ་ཅིང་ལ་༢༠༢༢་ལོའི་རྒྱལ་སྤྱིའི་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་བསྡུར་འཚོགས་རྒྱུའི་འོས་ཤོག་མང་བ་ཐོབ་ཡོད་པ་དང་། འདི་ནི་༢༠༠༨་ལོར་རྒྱ་ནག་གི་རྒྱལ་ས་པེ་ཅིང་ལ་དབྱར་དུས་ཀྱི་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་བསྡུར་ཚོགས་ནས་བཟུང་། རྒྱ་ནག་གིས་རྒྱལ་སྤྱིའི་རྩེད་རིགས་འགྲན་བསྡུར་བླ་ན་མེད་པ་དེར་མགྲོན་བདག་བྱ་རྒྱུའི་གོ་སྐབས་ཐོབ་པ་ཐེངས་གཉིས་པ་དེ་ཡིན་ཞིང་། ཐོག་མར་ནོར་ཝེའི་རྒྱལ་ས་ཨོ་སོ་ལོ་དང་སུད་ཌེན་གྱི་རྒྱལ་ས་སི་ཀྲོཀ་ཧོམ་གཉིས་ཀྱང་ཨོ་ལིམ་ཕིཀ་རྩེད་རིགས་ལ་མགྲོན་བདག་བྱ་རྒྱུའི་འགྲན་བསྡུར་ཁོངས་སུ་ཞུགས་རུང་། ཕྱིས་སུ་ཨོ་སོ་ལོ་དང་སི་ཀྲོཀ་ཧོམ་གཉིས་ཆབ་སྲིད་དང་དཔལ་འབྱོར་གྱི་རྒྱུ་རྐྱེན་སྣ་མང་ཞིག་ལ་བརྟེན་ནས་འགྲན་བསྡུར་ཁོངས་ནས་ཕྱིར་འཐེན་བྱས་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG