ངོ་འཕྲད་བདེ་བའི་དྲ་འབྲེལ།

སྤྱི་ལོ་༢༠༠༧་ལོའི་ལི་ཐང་རྟ་རྒྱུག་ཆེན་མོའི་མཛད་སྒོའི་སྟེང་དུ་ཁམས་ལི་ཐང་གི་འབྲོག་པ་དཀྱུས་མ། རུང་རྒྱས་ཨ་གྲགས་ཀྱིས་བོད་པའི་མངོན་འདོད་དང་རེ་བ་མཚོན་པའི་གཏམ་བཤད་བྱས་ཏེ། ཁོང་རྒྱ་ནག་གཞུང་གིས་འཕྲལ་དུ་འཛིན་བཟུང་བྱས་ནས་ལོ་བརྒྱད་ཀྱི་བཙོན་འཇུག་གི་ཁྲིམས་ཐག་བཅད་ཅིང་། ད་ལྟ་རུང་རྒྱས་ཨ་གྲགས་ཀྱི་བཙོན་འཇུག་གི་དུས་ཡུན་ཚང་སྟེ་གློད་གྲོལ་བཏང་ནས་རང་ཁྱིམ་ལ་འབྱོར་ཡོད་མོད། ཡིན་ནའང་སྐབས་དེར་རུང་རྒྱས་ཨ་གྲགས་ཀྱིས་ལི་ཐང་རྟ་རྒྱུག་ཆེན་མོའི་ཐོག་ཏུ་གཏམ་བཤད་བྱས་པའི་རྗེས་སུ་ས་གནས་མང་ཚོགས་ཀྱིས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་བྱུང་བ་དང་། སྐབས་དེར་འཇུ་བཟུང་བྱས་པའི་རུང་རྒྱས་ཨ་གྲགས་ཀྱི་ཚ་བོ་དང་སྡེ་མི་པ་གཞན་པ་ཁག་ཅིག་ད་དུང་ཡང་བཙོན་ཁང་དུ་བཅུག་ཡོད་པ་རེད། །

XS
SM
MD
LG