རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་༤༦པ་དེ་ཉིན་དྲུག་རིང་གི་འཚོགས་པ་ཁ་ས་མཇུག་འགྲིལ་ཡོད་པ་དང་ཐེངས་དེའི་ཚོགས་འདུའི་ནང་ས་གནས་༣༥ཙམ་ནས་ཚོགས་བཅར་བ་༡༣༠ལྷག་ཙམ་མཉམ་ཞུགས་གནང་ཡོད་པ་དང་ ཚོགས་ཆེན་དེས་བོད་ཀྱི་གཞོན་ནུ་ལྷན་ཚོགས་བསྲ་བརྟན་ཡོང་རྒྱུ་དང་འཐབ་རྩོད་སྔར་བས་ཤུགས་ཆེ་བ་བྱེད་རྒྱུའི་སེམས་ཤུགས་འཕེལ་བ་ཞིག་བྱུང་ཡོད་པ་སོགས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོས་འགྲེལ་བརྗོད་གནང་ཡོད་པ་རེད།