ངོ་འཕྲད་བདེ་བའི་དྲ་འབྲེལ།

པེ་ཅིང་ལ་༢༠༢༢ལོའི་དགུན་དུས་ཨོ་ལུམ་པིག་མགྲོན་བདག་སྤྲོད་ཕྱོགས་ལ་ངོ་རྒོལ།


རྒྱལ་སྤྱིའི་ཨོ་ལོན་པིག་རྩེད་འགྲན་ལྷན་ཚོགས་ཀྱིས་གཟའ་པ་སངས་ཕྱི་ཚེས་༣༡ཉིན་མོར་ ༢༠༢༢ལོའི་དགུན་དུས་ཀྱི་རྩེད་འགྲན་ཚོགས་ཡུལ་རྒྱལ་ཁབ་སུ་ལ་གཏན་འཁེལ་བྱེད་མིན་གསང་བའི་འོས་བསྡུའི་ཐོག་ནས་ཐག་གཅོད་གནང་རྒྱུ་ཡིན་པ་རེད་ ན་ནིང་ནོར་ཝེལ་གྱི་རྒྱལ་ས་ཨོ་སི་ལོ་ཡིས་མགྲོན་བདག་འགྲན་རྩོད་ནས་ཕྱིར་འཐོན་བྱས་པའི་རྗེས་སུ་ད་ཆ་རྒྱ་ནག་གི་རྒྱལ་ས་པེ་ཅིང་དང་ཁ་ཛ་ཁེ་སི་ཐན་གྱི་རྒྱལ་ས་ཨ་མྷེ་ཌེ་གཉིས་མ་གཏོགས་མགྲོན་བདག་གི་འགྲན་རྩོད་ནང་མེད་པ་དང་ འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་མང་པོས་པེ་ཅིང་ལ་སྤྲོད་རྒྱུར་ངོ་རྒོལ་བྱེད་བཞིན་པ་དང་ཚོགས་པ་ཁག་ཅིག་གིས་རྒྱལ་སྤྱིའི་ཨོ་ལོམ་ཕིག་ལྷན་ཚོགས་ལ་ཡོངས་གྲགས་ཡི་གེ་ཞིག་ཀྱང་བཏང་ཡོད་པ་རེད།

XS
SM
MD
LG