ངོ་འཕྲད་བདེ་བའི་དྲ་འབྲེལ།

ཏུར་ཀིའི་སྲིད་འཛིན་ད་ལྟའི་ཆར་ཏུར་ཀི་ཡུལ་གྱི་ཚོང་བ་དང་ཚོང་རྭའི་མ་རྐང་འཛཱུགས་མཁན་མི་བརྒྱ་དང་མཉམ་དུ་རྒྱ་ནག་ནང་རྒྱལ་དོན་འཚམས་གཟིགས་ལ་ཕེབས་བཞིན་པ་རེད། འཚམས་གཟིགས་འདི་ནི་རྒྱ་ནག་དང་ཏུར་ཀིའི་སྲིད་གཞུང་གཉིས་དབར་དུ་ཞིན་ཅང་གི་ཁ་ཆེ་ཡུ་གུར་བའི་གནད་དོན་ཐོག་ནས་འབྲེལ་ལམ་ཇེ་སྡུག་ཏུ་སོང་ཡོད་པའི་དུས་སྐབས་ཤིག་ཏུ་འཁེལ་ཡོད། ཏུར་ཀིའི་སྲིད་འཛིན་གྱི་ཐེངས་འདིའི་གཟིགས་སྐོར་གྱི་དམིགས་ཡུལ་གཙོ་བོ་ནི་ཕྱོགས་གཉིས་དབར་ཚོང་འབྲེལ་ཡར་རྒྱས་གཏོང་རྒྱུ་ཡིན་པར་བརྗོད་ཀྱང་། རྒྱ་ནག་གི་ཕྱོགས་ནས་ཡུལ་གཉིས་ཀྱི་མགོ་ཁྲིད་གཉིས་མཇལ་འཕྲད་གནང་བའི་རྗེས་སུ། རྒྱལ་ཁབ་གཉིས་ཀྱིས་དྲག་སྤྱོད་པར་རྒོལ་ལན་སློག་རྒྱུར་མཉམ་ལས་བྱ་རྒྱུ་ཡིན་པ་བརྗོད་འདུག ཏུར་ཀི་དང་རྒྱ་ནག་དབར་དུ་ཏུར་ཀི་བའི་རིག་གནས་དང་ཆོས་ལུགས་ལ་འབྲེལ་བ་ཡོད་པའི་ཁ་ཆེ་ཡུ་གུར་བའི་གནད་དོན་དེ་ཡིས་འགལ་རྐྱེན་བཟོ་བཞིན་པའི་ཐད་ཆབ་སྲིད་དབྱེ་ཞིབ་པ་ཚོས་རྩོམ་ཡིག་སྤེལ་ཡོད་པ་རེད།

XS
SM
MD
LG