ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

༧གོང་ས་མཆོག་གི་ལ་དྭགས་ནང་ཉིན་དང་པོའི་མཛད་འཆར།


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ནང་པའི་དགོན་སྡེ་ཁག་གི་ནང་ཆོས་བགྲོ་གླེང་ཚོགས་འདུར་ཞབས་སོར་བཀོད་གནང་མཛད་འདུག་པ་མ་ཟད། ལ་དྭགས་གཞོན་ནུ་ཚའི་ལྷན་དུ་ནང་ཆོས་ཀྱི་ཚན་རིག་དང་ལྟ་གྲུབ་སྐོར་ལ་འདྲི་བ་དྲིས་ལན་གནང་འདུག ལ་དྭགས་དགོན་པ་འཛིན་སྐྱོང་ལྷན་ཚོགས་ཀྱི་ཚོགས་གཙོ་དགེ་བཤེས་བློ་བཟང་བསམ་གཏན་ལགས་ཀྱིས་གསུངས་དོན་ལ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལོ་ཤས་གོང་བཀའ་སློབ་ཕེབས་དགོངས་བཞིན་ལ་དྭགས་ནང་འཇང་དགུན་ཆོས་ལྟ་བུ་དགོན་སྡེ་ཁག་གི་དགེ་འདུན་པ་རྣམས་ལྷན་འཛོམས་ཏེ་ནང་ཆོས་ལ་བགྲོ་གླེང་གོ་སྒྲིག་གི་ལས་རིམ་ཞིག་འགོ་འཛུགས་ཟིན་པ་བཞིན་ད་ལོ་སྤི་ཏོག་དགོན་པར་གོ་བསྒྲིགས་ཞུས་པའི་དབུ་འབྱེད་ལ་༧གོང་ས་མཆོག་ཞབས་སོར་བཀོད་དེ་སེར་སྐྱ་ཚང་མས་བཀའ་འགྱུར་བསྟན་འགྱུར་ལ་སློབ་སྦྱོང་བྱེད་དགོས་པ་མ་ཟད། འདིར་འདུས་པའི་ཆབ་སྲིད་མི་སྣ་ཚོས་ཀྱང་སློབ་སྦྱོང་བྱེད་དགོས་ཞེས་བཀའ་སློབ་གནང་འདུག་པ་དང་། སང་ཉིན་ལ་དྭགས་ས་གནས་གཞུང་དང་དེ་རྗེས་མི་མང་བཅས་ཀྱིས་༧གོང་ས་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་༧སྐུའི་གྱ་སྟོན་གྱི་རྟེན་འབྲེལ་མཛད་སྒོ་རིམ་པར་གནང་རྒྱུ་ཡིན་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG