ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་དང་ཤར་རྒྱ་ནག་རྒྱ་མཚོའི་ནང་གི་རྡོ་སྣུམ་སྔོག་འདོན་ཐོབ་ཐང་།


རྒྱ་ནག་གིས་ཤར་རྒྱ་ནག་རྒྱ་མཚོའི་ནང་དུ་རྡོ་སྣུམ་དང་རང་བྱུང་སོལ་རླངས་སྔོག་འདོན་བྱ་ས་འཛུགས་སྐྲུན་བྱས་ཏེ། ཁོ་ཚོས་རྒྱ་ནག་དང་ཉི་ཧོང་གཉིས་ཀྱི་རྩོད་གཞིར་གྱུར་པའི་མཚོ་ནང་དུ་རྡོ་སྣུམ་དང་རང་བྱུང་སོལ་རླངས་སྔོག་འདོན་བྱེད་ཀྱི་ཡོད་ཅིང་། ཉི་ཧོང་གཞུང་གིས་རྒྱ་ནག་ལ་རྡོ་སྣུམ་དང་རང་བྱུང་སོལ་རླངས་སྔོག་འདོན་བྱ་རྒྱུ་མཚམས་འཇོག་བྱ་དགོས། རྒྱ་ནག་གིས་ཉི་ཧོང་གི་མངའ་ཁོངས་སུ་ཡོད་པའི་རྡོ་སྣུམ་དང་རང་བྱུང་སོལ་རླངས་རྣམས་འཇིབ་འཐེན་བྱ་སྲིད་ཅེས་འབོད་སྐུལ་ཞུས་ཀྱང་། རྒྱ་ནག་གཞུང་གིས་ང་ཚོར་ཤར་རྒྱ་ནག་རྒྱ་མཚོའི་ནང་དུ་རྡོ་སྣུམ་དང་རང་བྱུང་སོལ་རླངས་སྔོག་འདོན་བྱ་ཆོག་པའི་ཐོབ་ཐང་ཆ་ཚང་ཡོད། ང་ཚོས་རྡོ་སྣུམ་དང་རང་བྱུང་སོལ་རླངས་སྔོག་འདོན་བྱ་ཡུལ་ཁག་རྒྱ་ནག་གི་མངའ་ཁོངས་ཡིན་པས། དེ་ནི་འོས་ཤིང་འཚམས་པ་དང་ཁྲིམས་མཐུན་ཞིག་ཡིན་ཞེས་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་འགྲེལ་བཤད་བརྒྱབ་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG