ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

བོད་དོན་ལས་འགུལ་བས་རྒྱ་ནག་གཞུང་ཚབ་ལས་ཁུངས་ཆུ་ཚོད་འགའ་ཤས་རིང་སྒོ་རྒྱག་དགོས་པ་བཟོས་ཡོད་པ།


བོད་ཀྱི་ཆབ་སྲིད་བཙོན་པ་གྲགས་ཅན་ལི་ཐང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་གློ་བུར་དུ་བཙོན་ཁང་ནང་སྐུ་བཤེགས་པའི་གནད་དོན་དང་འབྲེལ་བའི་ཐད་ནས། བོད་རང་བཙན་སློབ་ཕྲུག་ཚོགས་པས་ཨ་རིའི་སན་ ཕ་རན་སིས་ཀོའི་ནང་གི་རྒྱ་མིའི་གཞུང་ཚབ་ལས་ཁུངས་མདུན་ལ་ངོ་རྒོལ་ཤུགས་ཆེ་བྱས་ཏེ། གཞུང་ཚབ་ལས་ཁུངས་ཉིན་ཕྱེད་ཀ་ལྷག་སྒོ་རྒྱག་དགོས་པ་བཟོས་ཡོད་པ་རེད། དེ་ཡང་། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རྒྱ་མིའི་བཙོན་ཁང་ནང་གློ་བུར་དུ་སྐུ་བཤེགས་པའི་གནས་ཚུལ་དི་ཐོན་མ་ཐག་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ནང་བརྟེན་གཞི་བྱས་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པས་འཛམ་གླིང་ས་ཁུལ་གང་སར་ངོ་རྒོལ་རྔམ་སྟོན་ལས་འགུལ་དང་། དྲིལ་བསྒྲགས་ཀྱི་ལས་འགུལ། དེ་བཞིན། མཆོད་འབུལ་སྨོན་ལམ་ལ་མཚོན་པའི་ལས་དོན་མང་པོ་ཞིག་སྤེལ་ཡོད་ཅིང་། ཟླ་བ་འདིའི་ཕྱི་ཚེས་༢༡ སྟེ། རེས་གཟའ་མིག་དམར་ཉིན། ཨ་རིའི་ནུབ་རྒྱུད་གྲོང་ཁྱེར་སན་པ་རན་སིས་ཀོའི་ནང་གི་རྒྱ་མིའི་གཞུང་ཚབ་ལས་ཁུངས་མདུན་ལ་ བོད་རང་བཙན་སློབ་ཕྲུག་ཚོགས་པས་ ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེ་ཞིག་སྤེལ་ཏེ། ཉིན་མ་ཕྱེད་ཀ་ཙམ་གྱི་རིང་གཞུང་ཚབ་ལས་ཁུངས་སྒོ་རྒྱག་དགོས་པ་བཟོས་ཡོད་པ་རེད།

XS
SM
MD
LG