ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༤/༢༡

ཨ་རིའི་ཤར་ཕྱོགས་མཚོ་དམག་དང་ལྷོ་རྒྱ་ནག་རྒྱ་མཚོ།


གཟའ་མཇུག་དེར་ཞི་བདེ་རྒྱ་མཚོའི་ནང་གི་ཨ་མི་རི་ཀའི་མཚོ་དམག་སྤྱི་ཁྱབ་བཀོད་འདོམས་པ་དང་། ཨ་མི་རི་ཀའི་མྱུལ་ཞིབ་རུ་ཁག་གི་གནམ་གྲུ་ཞིག་དུས་ཡུན་ཆུ་ཚོད་༧་ལ་ལྷོ་རྒྱ་ནག་རྒྱ་མཚོའི་མཁའ་དབྱིངས་སུ་འཕུར་ཏེ། རྒྱ་ནག་དང་ཧྥི་ལི་ཕིན་སོགས་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་རྩོད་གཞིར་གྱུར་པའི་གླིང་ཕྲིན་ཁག་ལ་སྐོར་གཡེང་བྱས་ཡོད་ཅིང་། གཟའ་ཟླ་བའི་ཉིན་རྒྱ་ནག་གཞུང་གིས་ཨ་མི་རི་ཀའི་བྱ་སྤྱོད་དེ་ཚོས་ཕྱོགས་གཉིས་ཀྱི་འབྲེལ་བར་གནོད་སྐྱོན་ཚབས་ཆེན་ཐེབས་ཡོད་ཅེས་ངོ་རྒོལ་བྱས་ཀྱང་། ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་མངའ་ཁོངས་བདག་རྩོད་འགོ་ཚུགས་ནས་ལོ་ཤས་སོང་ཡོད་པ་དང་། ཉམས་ཞིབ་པ་ཁག་ཅིག་གིས་ཨེ་ཤི་ཡའི་དམག་འཁྲུག་གཞུག་མ་དེ་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་གླིང་ཕྲན་ཁག་བརྩད་ནས་ལང་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG