ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

འཛམ་གླིང་གང་སར་བོད་མི་ཚོས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཆེད་ལས་འགུལ་སྤེལ་ཡོད་པ།


འཛམ་གླིང་གི་ས་ཁུལ་གང་སར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱི་གནད་དོན་ཐད་མུ་མཐུད་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེ་སྤེལ་མུས་ཡིན་པའི་གནས་ཚུལ་ཐོན་འདུག དེ་ཡང་བོད་ཀྱི་ཆབ་སྲིད་བཙོན་པ་གྲགས་ཅན་ལི་ཐང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་སྤྱི་ ལོ་༢༠༠༢ ཟླ་ ༤ ཚེས་ ༧ ཉིན་ ལི་ཐང་ཉག་ཆུ་རྫོང་ཁོངས་སུ་འཛིན་བཟུང་བྱས་ཏེ། ཁྲིན་ཏུའུ་ཡི་འབར་གས་དོན་རྐྱེན་ཞིག་དང་འབྲེལ་བ་ཡོད་པའི་ཉེས་འཛུགས་བྱས་ཏེ་ དུས་ འགྱངས་སྲོག་ཁྲིམས་ནས་ཚེ་བཙོན་དུ་འགྱུར་བ་བཏང་བ་སོགས་བཙོན་ཁང་གི་ནང་བཚོན་འཇུག་གི་འོག་ལོ་ངོ་ ༡༣ འགྲོ་བཞིན་ཡོད་མུར། ཟླ་བ་འདིའི་ཚེས་༡༢ཉིན་ རྒྱ་ནག་གི་བཙོན་ཁང་དུ་སྐུ་གྲོངས་ཡོད་པ་འབྲེལ་ཡོད་གཞུང་འབྲེལ་མི་སྣས་རིན་པོ་ ཆེ་ཡི་ནང་མི་ལ་བརྡ་ལན་སྤྲད་ཡོད་པ་རེད། འོན་ཀྱང་། རྒྱ་ནག་གཞུང་གིས་སྦྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱི་སྐུ་ཕུང་ནང་མི་དང་ས་གནས་ བོད་མི་ལ་རྩིས་སྤྲོད་མ་བྱས་སྟབས་། རྒྱལ་སྤྱིའི་སྤྱི་ཚོགས་དང་བོད་དོན་རྒྱབ་སྐྱོར་བ། ས་གནས་ཀྱི་བོད་མི་མང་ཚོགས་བཅས་པས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱི་སྐུ་གྲོངས་ རྐྱེན་ཐད་དོགས་གཞི་བྱས་ཏེ། འཛམ་གླིང་ས་ཁུལ་གང་སར་ངོ་རྒོལ་ཤུགས་ཆེན་བྱེད་བཞིན་ཡོད་པ་རེད།

XS
SM
MD
LG