ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཨི་རན་གྱི་རྡུལ་ཕྲན་ལས་འཆར་ཐད་མཐའ་མའི་གྲོས་མཐུན་བཞག་པ།


རེས་གཟའ་མིག་དམར་ཉིན་ཨི་རན་གྱི་རྡུལ་ཕྲན་ལས་འཆར་མཚམས་འཇོག་བྱེད་ཕྱོགས་ཀྱི་ཐད་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་རྣམས་དང་ཨི་རན་དབར་མཐའ་མའི་གྲོས་མཐུན་འཇོག་ཐུབ་པ་བྱུང་འདུག་པ་དང་། ཨ་རིའི་ཕྱི་སྲིད་དྲུང་ཆེ་ཇོན་ ཀེ་རིས་སྣེ་ཁྲིད་པའི་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་རྣམས་ཀྱི་ཕྱི་འབྲེལ་མི་སྣ་དང་ཨི་རན་གྱི་གྲོས་མོལ་གནང་མཁན་སྐུ་ཚབ་ཚོའི་དབར་འདས་པའི་ཉིན་གྲངས་བཅོ་བརྒྱད་ཙམ་གྱི་རིང་ཤིན་ཏུ་རྣོ་ངར་ཆེ་བའི་གྲོས་མོལ་གནང་རྗེས་ཨི་རན་གྱིས་རྡུལ་ཕྲན་ལས་འཆར་མཚམས་འཇོག་བྱས་ཏེ། དེའི་ཚབ་ཏུ་རྒྱལ་སྤྱིའི་དཔལ་འབྱོར་ཉེས་ཆད་ཕྱིར་འཐེན་བྱས་ཏེ་ཨི་རན་ལ་ཨ་རིའི་ཌོ་ལར་ཐེར་འབུམ་མང་པོའི་ཁེ་ཕན་སྤྲོད་རྒྱུར་མོས་མཐུན་བྱུང་འདུག གྲོས་མཐུན་དེའི་འོག་ཨི་རན་གྱིས་དམའ་མཐར་ལོ་བཅུའི་རིང་རྡུལ་ཕྲན་གྱི་དངོས་པོ་བཟོ་བསྐྲུན་མི་བྱེད་པ་དང་ཨི་རན་གྱི་དམག་མིའི་རྟེན་གཞི་ཚུད་པའི་རྡུལ་ཕྲན་ལས་གཞི་ཁག་ལ་ཞིབ་འཇུག་གསར་པ་བྱ་རྒྱུའི་ཆ་རྐྱེན་བཟོས་ཡོད་པ་རེད། དེ་ནི་ཨི་རན་དང་ཨ་རིའི་དབར་ལོ་ངོ་བཅུ་ཕྲག་འགའ་ཞིག་རིང་འཁོན་འཛིན་གྱི་གནས་སྟངས་ཤིག་ཡོད་པ་དེ་དང་། རྒྱལ་ཁབ་ཕན་ཚུན་དབར་འཇིགས་བསྐུལ་དྲག་སྤྱོད་པར་སྲིད་གཞུང་གིས་རྒྱབ་གཉེར་བྱེད་མཁན་དང་དགྲ་བོ་ཆེ་ཤོས་ཟེར་བ་སོགས་ཕན་ཚུན་ཁ་རྡུང་བྱེད་ཀྱི་ཡོད་པ་དེ་བཅས་མཇུག་བསྒྲིལ་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG