ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་འདས་གྲོངས་སོང་བ།


བོད་ཀྱི་ཆབ་སྲིད་བཙོན་པ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་རེས་གཟའ་ཉི་མའི་ཉིན་རྒྱ་ནག་གི་ས་གནས་ཁྲིན་ཐུའི་བཙོན་ཁང་ནང་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག་པ་དང་། དེ་ཡང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་ཚ་བོ་འཇམ་དབྱངས་ཉི་མ་ལགས་ཀྱིས་འདི་གར་ཨ་རི་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་དོན་ལ་ ཉིན་མ་བཅུ་གྲངས་ཤིག་གི་གོང་ནས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྐུ་མཆེད་སྲིང་མོ་གཉིས་ཀྱིས་རིན་པོ་ཆེ་མཇལ་རྒྱུར་ཁྲིན་ཐུ་བཙོན་ཁང་གི་འགོ་ཁྲིད་ཚོར་ཆོག་མཆན་ཞུས་ཡོད་ནའང་། དེའི་སྐོར་ལན་གསལ་གང་ཡང་མ་སྤྲད་པར་རེས་གཟའ་ཉི་མའི་ཉིན་བཙོན་ཁང་འགོ་ཁྲིད་ཚོས་གློ་བུར་འབྲེལ་བ་བྱས་ཏེ། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དགོངས་པ་རྫོགས་པའི་གནས་ཚུལ་འགྲེལ་བཤད་བྱས་འདུག་ཀྱང་། དགོངས་པ་རྫོགས་པའི་རྐྱེན་ཇི་ཡིན་སོགས་ཀྱི་སྐོར་ལ་རྒྱ་ནག་གཞུང་གིས་འགྲེལ་བཤད་གང་ཡང་བྱས་མེད་པ་མ་ཟད། ད་བར་སྐུ་ཕུང་རྩིས་སྤྲོད་བྱེད་ཀྱི་ཡོད་མེད་སོགས་ཀྱི་སྐོར་ལ་གནས་ཚུལ་གསལ་པོ་གང་ཡང་མི་འདུག་ཅེས་འགྲེལ་བརྗོད་གནང་གི་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG