ངོ་འཕྲད་བདེ་བའི་དྲ་འབྲེལ།

ད་ལྟ་བོད་ནས་གནས་ཚུལ་ཐོན་པ་ལྟར་ན། དེ་རིང་༢༠༡༥་ལོའི་ཕྱི་ཟླ་༧་ཚེས་༩་ཉིན་གྱི་བོད་ནང་གི་ཕྱི་དྲོའི་དུས་ཚོད་བཞི་པ་དང་ལྔ་བ་ཡས་མས་སུ་རྒྱ་ནག་གཞུང་གིས་མཚོ་སྔོན་ཞིང་ཆེན་ཁོངས་སུ་ཆ་བགོས་བྱས་ཡོད་པའི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ། སྒ་སྐྱེ་རྒུ་མདོར་ཆགས་པའི་ཁུལ་གྲོང་ཁྱེར་གྱི་གེ་སར་འདུ་ཐང་གི་གཡས་ཟུར་དུ་བོད་པ་གྲྭ་བ་ཞིག་གིས་རང་ལུས་མེར་སྲེག་བཏང་སྟེ། རྒྱ་ནག་གཞུང་གིས་བོད་ལ་འཛིན་པའི་གདུག་རྩུབ་ཀྱི་སྲིད་ཇུས་ངོ་རྒོལ་བྱས་འདུག་ཅིང་། གྲྭ་བ་དེའི་མིང་དང་འཆི་གསོན་ཅི་ཡིན། དགོན་པ་གང་གི་གྲྭ་བ་ཡིན་མིན་སོགས་རྩད་གཅོད་མི་ཐུབ་ཀྱང་། རྒྱ་ནག་གཞུང་གིས་འཕྲལ་དུ་རང་ལུས་མེར་སྲེག་གཏོང་ཡུལ་ལ་དྲག་ཆས་ཉེན་རྟོག་པ་བཀྲམ་ནས་དམ་དྲག་ནན་པོ་བྱེད་ཀྱི་ཡོད་པ་དང་། ཞིབ་ཕྲའི་གནས་ཚུལ་རིམ་བཞིན་རྩོད་གཅོད་བྱས་ནས་སྤེལ་འཆར་ཡོད།།

XS
SM
MD
LG